ཧུང་ཡོན་དུ་དགོངས་དོན་སློབ་སྦྱོང་བྱེད་པའི་ཚ་རླབས་འཕྱུར།
ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༩ ལོའི་ཟླ་ ༡༢ ཚེས་ ༡༢

གལ་ཏེ་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་མེད་ན། རང་རེའི་རྒྱལ་ཁབ་དང་རང་རེའི་མི་རིགས་ལ་དེ་རིང་ལྟ་བུ་གྲུབ་འབྲས་ཐོབ་མི་ཐུབ་པ་དང་། དེ་རིང་ལྟ་བུ་རྒྱལ་སྤྱིའི་གོ་གནས་ཐོབ་མི་ཐུབ། ཉེ་ཆར་ཧུང་ཡོན་རྫོང་ཁྱུང་མཆུ་གྲོང་རྡལ་གྱི་སྟག་ལུང་གྲོང་ཚོའི་ཚོགས་ཁང་དུ་ཏང་ཀྲི་པུའུ་ཧྲུའུ་ཅི་བ་བསྟན་གྱིས་ཏང་ཡོན་མང་ཚོགས་རྣམས་ལ་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སྒྲོག་འགྲེལ་བྱས།


