སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དུ་ཐོག་དང་པོར་རོགས་སྐྱོར་འཛུགས་སྐྲུན་ལས་ཁུངས་ཀྱིས་བཙུགས་པའི་ཚད་ལྡན་ཅན་གྱི་གློག་འདོན་ཚོང་གཉེར་ཁང་དངོས་སུ་ལས་གཉེར་བྱ་འགོ་བརྩམས།

ཡོང་ཁུངས།
སྤེལ་དུས།: ༢༠༡༤ ལོའི་ཟླ་ ༡༠ ཚེས་ ༣༡

སྤྱི་ཟླ་10པའི་ཚེས་29ཉིན་གྱི་ཕྱི་དྲོའི་དུས་ཚོད་3གྱི་ཐོག རྒྱལ་ཁབ་གློག་དྲའི་ཕྱག་ཕྲེང་རྫོང་གི་གློག་འདོན་ཚོང་གཉེར་ཁང་གི་སྒོ་ཕྱེས་པ་རེད། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དུ་ཐོག་དང་པོར་རོགས་སྐྱོར་འཛུགས་སྐྲུན་ལས་ཁུངས་ཀྱིས་བཙུགས་པའི་ཚད་ལྡན་ཅན་གྱི་གློག་འདོན་ཚོང་གཉེར་ཁང་དངོས་སུ་ལས་གཉེར་བྱ་འགོ་བརྩམས།

གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། གློག་འདོན་ཚོང་གཉེར་ཁང་འདི་ནི་ཕན་ཀྲི་ཧྭ་གློག་འདོན་སྤྱི་གཉེར་ཁང་གིས་རོགས་འཛུགས་བྱས་ཤིང་། སྤྱི་ཟླ་9པའི་9ཚེས་ཉིན་ནས་ལས་འགོ་ཚུགས་པ་དང་། སྔ་ཕྱིར་ཉིན་50ལྷག་བརྒྱུད་ནས་རྒྱལ་ཁབ་གློག་དྲ་སྤྱི་གཉེར་ཁང་གི་རིམ་པ་Bཅན་གྱི་གློག་འདོན་ཚོང་གཉེར་ཁང་དེ་དངོས་སུ་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་རེད། ཚོང་གཉེར་ཁང་དེའི་རྒྱ་ཁྱོན་ནི་སྨི་གྲུ་བཞི་མ་96ཡོད་པ་དང་། རིན་པ་སྤྲོད་སྒེའུ་ཁུང་གཉིས། ལས་དོན་སྒྲུབ་སའི་སྒེའུ་ཁུང་གཉིས། དུས་ཚོད་24ཡི་རིང་གི་རང་འགུལ་རིན་སྤྲོད་བྱེད་ས་གཅིག་བཅས་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། གློག་འདོན་ཚོང་གཉེར་ཁང་གི་འགོ་བཙུགས་པ་དེས་ཕྱག་ཕྲེང་རྫོང་གི་མང་ཚོགས་ཀྱིས་རིན་པ་སྤྲོད་པ་སྟབས་ཇེ་བདེར་བཏང་བ་མ་ཟད། ཕྱག་ཕྲེང་རྫོང་དུ་དུས་ཚོད་24རིང་རིན་སྤྲོད་ཐུབ་པའི་ནུས་ལྡན་སྒེའུ་ཁུང་ཐེངས་དང་པོར་བྱུང་བ་ཡིན་པས། ཕྱོགས་ཡོངས་ནས་རྒྱལ་ཁབ་གློག་དྲ་སྤྱི་གཉེར་ཁང་གིས་ཞབས་ཞུའི་དམ་བཅའ་ལག་ལེན་བྱུང་ཡོད་ལ། དུས་མཚུངས་སུ་ཕྱག་ཕྲེང་རྫོང་གློག་འདོན་ཚོང་གཉེར་ཁང་གི་ལས་དོན་དོ་དམ་སྒྲིག་གཞི་ཚད་ལྡན་ཅན་དང་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་བ་མངོན་འགྱུར་བྱུང་། །