དྭགས་པོའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པ་དང་ཞིང་འབྲོག་པའི་ལོ་ལེགས་དུས་ཆེན་སྐབས་གཉིས་པ།
ཡོང་ཁུངས། མི་དམངས་དྲ་བ།
སྤེལ་དུས།: ༢༠༡༩ ལོའི་ཟླ་ ༡༠ ཚེས་ ༢༢

སྣང་རྫོང་གི་དྭགས་པོའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པའི་ཐོག་མི་རིགས་ཀྱི་ཁྱད་ལྡན་ལུས་རྩལ་འགྲན་བསྡུར་གཉའ་བཅག་དང་བྱེ་ཁུག་འགྱོག་པ་སོགས་ཀྱིས་ཡུལ་སྐོར་བའི་ཡིད་དབང་བཀུག་པ་དང་། ཤང་དང་གྲོང་རྡལ་ཁག་ནས་ཡོང་བའི་བདམས་ཐོན་པས་ཚ་ཚ་འུར་འུར་ངང་འགྲན་བསྡུར་བྱས་ཏེ་སྣང་རྫོང་གི་མི་དམངས་མཐུན་སྒྲིལ་འབད་འཐབ་ཀྱི་ལུས་རྩལ་གྱི་སྙིང་སྟོབས་དང་ཧུར་བརྩོན་ཡར་ཐོན་གྱི་བསམ་པའི་ཉམས་འགྱུར་མཚོན་པར་བྱས།