བྱང་ཁོ་རེ་ཡས་བཀག་ཉར་བྱའ་པའི་ཨ་རིའི་སྤྱི་དམངས་ཤིག་གློད་བཀྲོལ་བཏང་ནས་ཕྱིར་ཨ་རིར་འབྱོར།

ཡོང་ཁུངས།
སྤེལ་དུས།: ༢༠༡༤ ལོའི་ཟླ་ ༡༠ ཚེས་ ༢༤

          སྤྱི་ཟླ་10པའི་ཚེས་22ཉིན། ཨ་རིའི་ཨོ་ཧྭ་ཡོ་མངའ་སྡེའི་ཌེ་ཐིན་དུ། བྱང་ཁོ་རེ་ཡས་བཀག་ཉར་བྱས་རྗེས་གློད་བཀྲོལ་བཏང་བའི་ཨ་རི་བ་རྗེ་ཧྥུ་རེ་ཧྥོར་(Jeffrey Fowle)གནམ་གྲུར་བསྡད་དེ་ཕྱིར་ཨ་རིར་འབྱོར་ཡོད། གནམ་གྲུ་འབབ་ས་ནི་ཨ་རིའི་ཨོ་ཧྭ་ཡོ་མངའ་སྡེའི་ལའེ་ཐི་ཕེ་ཐྲི་སུན་མཁའ་དམག་ལྟེ་གནས་ཡིན།