མཚོ་སྔོན་པོར་ཙོང་ཉ་ཕྱིར་རྒྱུ་བའི་དུས་ཚིགས་ཤར་བ།

ཡོང་ཁུངས། མི་དམངས་དྲ་བ།
སྤེལ་དུས།: ༢༠༡༩ ལོའི་ཟླ་ ༧ ཚེས་ ༩

      དབྱར་གཞུང་གི་དུས་སུ།  རང་རྒྱལ་གྱི་སྐམ་སའི་ཚྭ་མཚོ་ཆེ་ཤོས་ཏེ་མཚོ་སྔོན་པོར་ཙོང་ཉ་ཚོ་དང་ཚོ་བྱས་ནས་མཚོའི་ནང་བཞུར་བའི་ཆུ་བོའི་ཆུ་རྒྱུན་དང་ལྡོག་ནས་ཕྱིར་རྒྱུ་བཞིན་ཡོད་པ་དང་། ཆུ་སྟོད་ཀྱི་ཚྭ་མེད་ཆུ་བོའི་ནང་ཉ་ཕྲུག་སྐྱེ་བར་འགྲོ་ཡི་ཡོད་པས། “གཙང་ཆུ་ཕྱེད་ཀ་དང་ཙོང་ཉ་ཕྱེད་ཀ”ཡི་ངོ་མཚར་རྣམ་པ་གྲུབ་ཡོད།