ཁོར་ཡུག་སྲུང་སྐྱོབ་པ་ཞིག་གིས་བྱང་སྣེའི་དྲེད་དཀར་གྱི་རྣམ་པ་བྱས་ཏེ་ཆེ་ཁིའི་རྒྱལ་ས་ཕ་རག་ནས་བྱང་སྣེའི་རྡོ་སྣུམ་གྱི་གཏེར་ཁ་བརྐོ་མཚམས་འཇོག་དགོས་པའི་ངོ་རྒོལ་གྱི་རྣམ་པ་བསྟན་འདུག

ཡོང་ཁུངས།
སྤེལ་དུས།: ༢༠༡༤ ལོའི་ཟླ་ ༡༠ ཚེས་ ༡༥

             སྤྱི་ཟླ་10པའི་ཚེས་13ཉིན།   འབག་མེད་ཞི་བདེ་རྩ་འཛུགས་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཞིག་གིས་བྱང་སྣེའི་དྲེད་དཀར་གྱི་རྣམ་པ་བྱས་ཏེ། ཆེ་ཁིའི་རྒྱལ་ས་ཕ་རག་གི་སྲང་མདོ་ནས་མི་རྣམས་ལ་བྱང་སྣེར་འབྱུང་བཞིན་པའི་ཉེན་ཚབས་དྲན་སྐུལ་བྱས་པ་མ་ཟད། བྱང་སྣེ་ནས་རྡོ་སྣུམ་གཏེར་ཁ་བརྐོ་མཚམས་འཇོག་དགོས་པའི་འབོད་སྐུལ་བྱས་འདུག །