ཡིད་འོང་གི་བོད་གྲི།

ཡོང་ཁུངས། མི་དམངས་དྲ་བ།
སྤེལ་དུས།: ༢༠༡༩ ལོའི་ཟླ་ ༦ ཚེས་ ༤
     ཡིད་འོང་གི་བོད་གྲི་བཟོ་བའི་ལག་རྩལ་ནི་བོད་རང་སྐྱོང་ལྗོངས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་གཅིག་ཡིན་ལ།ཡིད་འོང་གི་བོད་གྲི་གཅིག་བཟོ་བར་སྲོལ་རྒྱུན་གྱི་བཟོ་རྩལ་སྤྱད་ཚེ་དུས་ཡུན་ཟླ་བ་གཅིག་འགོར་བ་དང་། གྲི་བཟོ་བའི་གོ་རིམ་ཁྲོད་གྲིའི་ལྟག་པའི་ཐོག་འཇའ་ཚོན་དང་། མེ་ལྕེ།  ཆུ་རིས་སོགས་ཀྱི་རི་མོ་གྲུབ་ཀྱི་ཡོད་པ་རེད།

     ད་ལོ་ལོ་50ལ་སླེབས་པའི་ཉོའོ་ཆུང་ནི་ཡིད་འོང་གི་བོད་གྲི་བཟོ་མཁན་གྱི་མི་རབས་དྲུག་པའི་རྒྱུན་འཛིན་པ་ཞིག་ཡིན་ཞིང་། ཁོང་གཅིག་པུས་ཡིད་འོང་གི་བོད་གྲི་བཟོ་བའི་རྒྱུ་ཆ་སྒྲུབ་པ་དང་། མེའི་དྲོད་ཚད་སྙོམས་སྒྲིག་དང་གྲི་དབྱིབས་བཟོ་བ། རི་མོ་བཀོད་པ་སོགས་གྲི་བཟོ་བའི་གོ་རིམ་ཚང་མ་ལེགས་འགྲུབ་བྱ་ཐུབ་ཅིང་།  དམིགས་བསལ་གྱི་ས་ཁམས་ཁོར་ཡུག་དང་བཟོ་བོ་མི་རབས་ནས་མི་རབས་བརྒྱུད་པའི་ཡིད་འོང་གི་བོད་གྲི་བཟོ་བའི་ཐུན་མོང་མ་ཡིན་པའི་ལག་རྩལ་གྱིས་ས་ཕྱོགས་ཅིག་གི་རིག་གནས་འཛིན་སྐྱོང་བྱེད་བཞིན་ཡོད།