ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ཕོ་བྲང་པོ་ཏ་ལར་མེ་གསོད་རོགས་སྐྱོབ་དངོས་སྦྱོང་བྱས་པ།

ཡོང་ཁུངས། མི་དམངས་དྲ་བ།
སྤེལ་དུས།: ༢༠༡༩ ལོའི་ཟླ་ ༥ ཚེས་ ༩
     ཟླ་5ཚེས་7ཉིན། བོད་རང་སྐྱོང་ལྗོངས་མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་དགོན་པའི་རིག་དངོས་དང་གནའ་བོའི་འཛུགས་སྐྲུན་གྱི་མེ་སྐྱོན་ཐག་གཅོད་བྱེད་པའི་ནུས་པ་གོང་མཐོར་གཏོང་བ་དང་སྤྱི་ཚོགས་འཕྲལ་སྡོམ་མཉམ་འགུལ་ཚན་པ་དང་མཉམ་དུ་དམག་འཐབ་བྱེད་པའི་ལམ་སྲོལ་ལ་ཞིབ་བཤེར་བྱ་ཆེད། ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ཕོ་བྲང་པོ་ཏ་ལར་་དགོན་པའི་རིག་དངོས་དང་གནའ་བོའི་འཛུགས་སྐྲུན་གྱི་མེ་སྐྱོན་མེ་གསོད་དངོས་སྦྱོང་བྱས་པ་རེད།