རྒྱལ་ཁབ་ཀྱིས་གཙོ་སྐྱོང་གནང་བའི་དཀར་མཛེས་ཁུལ་གྱི་རིག་དངོས་ཚན་པ་བཅོ་ལྔ།
དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ནི་སི་ཁྲོན་ཞིང་ཆེན་གྱི་ནུབ་རྒྱུད་དུ་གནས་ཤིང་། ཁམས་བོད་ས་མཐོའི་ཤར་ལྷོའི་མཚམས་སུ་ཆགས་ཡོད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི15.3ལ་ཟིན་པ་དང་། བོད་རིགས་གཙོ་བོར་བྱས་པའི་ས་ཁུལ་རིམ་པའི་སྲིད་འཛིན་ཁུལ་ཞིག་ཡིན། དར་མདོ་གྲོང་ཁྱེར་ནི་ཁུལ་སྲིད་གཞུང་གི་གནས་ཡུལ་ཡིན་ལ། ཁུལ་ཡོངས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་གནས་ཡིན། ད་ལྟ་དཀར་མཛེས་ཁུལ་གྱི་མངའ་ཁོངས་སུ་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ15ཡོད་དེ། དེ་དག་ནི།
1 ལྕགས་ཟམ་རྫོང་གི་ལྕགས་ཟམ།
2 སྡེ་དགེ་པར་ཁང་།
3 རྒྱལ་རོང་གི་གནའ་བོའི་བཙན་རྫོང་།
4 སེར་ཤུལ་གསང་གི་མ་ཎི་རྡོ་འབུམ།
5 སེར་ཤུལ་དཔལ་དགེ་མ་ཎི་རྡོ་འབུམ།
6 ཉག་རོང་སྤང་རིང་ཟམ་པ།
7 དཀར་མཛེས་བེ་རི་དགོན་པ།
8 དཔལ་ཡུལ་ཀཿཐོག་དགོན་པ།
9 ལྷ་རི་མ་རྡོ་འགེབས་བོད་གྲོང་།
10 ཕྱག་ཕྲེང་གྱང་རྫོང་།
11 ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་།
12 ཕྱག་ཕྲེང་དགའ་ལྡན་བསམ་འཕེལ་ནོར་བུ་གླིང་།
13 སྡེ་དགེ་དཔལ་སྤུངས་དགོན་པ།
14 སེར་ཤུལ་མུ་ར་མ་ཎི་རྡོ་འབུམ།
15རོང་བྲག་སྤྲོ་སྣང་གི་རྡོ་ཆས་གསར་པའི་དུས་རབས་ཀྱི་རིག་གནས་རྗེས་ཤུལ།