སི་ཁྲོན་དཀར་མཛེས་ཀྱི“ཁྲོན་བོད་ཟམ་པ་དང་པོའི”བརྗིད་ཉམས།
ཡོང་ཁུངས། ཀྲུང་གོ་བོད་ལྗོངས་དྲ་བ།
སྤེལ་དུས།: ༢༠༡༩ ལོའི་ཟླ་ ༤ ཚེས་ ༢༤

སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ལྕགས་ཟམ་ཁ་རྫོང་ཁོངས་སུ་གནས་པའི་གཡག་དར་མྱུར་བགྲོད་གཞུང་ལམ་ལྕགས་ཟམ་ཁའི་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་ནི་གཡག་དར་མྱུར་བགྲོད་གཞུང་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭའི་གྲས་ཤིག་རེད། ཟམ་པ་ཧྲིལ་པོར་བར་ཐག་སྨི་1411ཡོད་པ་དེའི་ནང་གཙོ་བརྒལ་བར་ཐག་ལ་སྨི་1100ཡོད་པ་དེ་ནི་ཚད་བརྒལ་ལྕགས་གདུང་གདུང་མའི་དཔྱངས་ཟམ་ཞིག་ཡིན་པ་རེད། ཟམ་པ་དེར་བཟོ་སྐྲུན་གྱི་འགྲོ་གྲོན་སྒོར་དུང་ཕྱུར་10ལྷག་ཙམ་བཏང་བ་དང་དེར“ཁྲོན་བོད་ཀྱི་ཟམ་པ་དང་པོ”ཞེས་པའི་མཚན་སྙན་གྲགས་ཡོད།
2018ལོའི་ཟླ་12ཚེས་31ཉིན། སི་ཁྲོན་གཡག་དར་མྱུར་བགྲོད་གཞུང་ལམ་གྱི་ལམ་ཧྲིལ་པོ་སྐྲུན་ཟིན་པ་མ་ཟད་རླངས་འཁོར་ཚོད་གཏོང་གཉེར་སྐྱོང་བྱས་ནས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་གནས་ཡུལ་དར་རྩེ་མདོ་གྲོང་ཁྱེར་ལ་མྱུར་བགྲོད་གཞུང་ལམ་ཤར་གཏོང་མི་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ་ཞིང་། འདི་ནི་2019ལོའི་ཟླ་4ཚེས་17ཉིན་པར་དུ་བླངས་པའི་གཡག་དར་མྱུར་བགྲོད་གཞུང་ལམ་ལྕགས་ཟམ་ཁའི་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་ཡིན་པ།