འཛམ་ཐང་རྫོང་གིས་ཁོར་ཡུག་གཙང་སྦྲ་བྱས།

ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༩ ལོའི་ཟླ་ ༤ ཚེས་ ༡༧
        ཁོར་ཡུག་བཅོས་སྐྱོང་གི་བྱ་བ་གནད་དུ་བཟུང་སྟེ། དཔལ་ཡོན་ལྡན་པའི་ཁོར་ཡུག་འཛུགས་སྐྲུན་ལ་ཤུགས་བསྣན་རྒྱུ་དེ་འཛམ་ཐང་རྫོང་གི་མིག་སྔར་དང་རྗེས་ཕྱོགས་ཀྱི་ལས་ཀ་གཙོ་བོ་ཞིག་ཡིན་པས། ཡུལ་གྲོང་སོ་སོས་ཁོར་ཡུག་གཙང་སྦྲའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བཞིན་འདུག ཡུལ་གྲོང་གི་རྣམ་པ་ལེགས་བསྒྱུར་དང་གཞིས་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་ཆེད་དུ། འཛམ་ཐང་རྫོང་གིས་ན་ནིང་ནས་བཟུང་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གོ་སྐབས་དམ་དུ་བཟུང་ནས་རྫོང་དང་ཡུལ་ཚོ། སྡེ་བ་སོགས་ཀྱིས་མཉམ་འབྲེལ་སྒོས་དམིགས་འབེན་གསལ་བོར་དང་བྱེད་ཐབས་ནན་མོས་རྫོང་ཁོངས་ཡོངས་སུ་གད་སྙིགས་མེད་པར་བཟོ་བའི་བྱ་བ་རབ་དང་རིམ་པ་བསྒྲུབས་ནས་ཁྱིམ་ཚང་དང་སྡེ་བ། དགོན་པ་དང་ཡུལ་གྲོང་། རྫོང་མཁར་བཅས་ལ་ཁྱབ་པར་བྱས།
      འཛམ་ཐང་རྫོང་གི་མངའ་ཁོངས་ཡོངས་སུ་གད་སྙིགས་མེད་པར་བཟོ་བའི་ཆེད་དོན་བཅོས་སྐྱོང་གི་བྱ་བའི་ཁྲོད་དུ། གོང་འོག་མཉམ་འབྲེལ་དང་ཕྱི་ནང་མཉམ་རུབ། དམངས་ཡོངས་མཉམ་ཞུགས་ཀྱིས་ཡུལ་གྲོང་ཀུན་ལ་མཚར་སྡུག་གསར་བ་བསྣན་པས། ཁོར་ཡུག་བཅོས་སྐྱོང་གི་བྱ་བ་དེ་ཚད་གཞི་ཞིག་དང་ལམ་ལུགས་ཤིག་ཏུ་གྱུར། རྒྱ་ཆེའི་ལས་བྱེད་མང་ཚོགས་རྣམས་ཀྱི་འབད་པར་བརྟེན། འཛམ་ཐང་རྫོང་གི་ཁོ་ར་ཁོར་ཡུག་ཀུན་ལ་གཙང་སྦྲ་སྔ་ན་མེད་པ་བྱས་པས། ཁོར་ཡུག་ཀུན་གཙང་དག་གེར་གྱུར་ཏོ། །