ལི་ཐང་རྫོང་གིས་ལ་ཕུག་མུའུ་ཁྲི་འདེབས་འགོ་ཚུགས།
ཡོང་ཁུངས། ཁམས་པའི་དྲ་བ།
སྤེལ་དུས།: ༢༠༡༩ ལོའི་ཟླ་ ༣ ཚེས་ ༦

2018ལོར་སི་ཁྲོན་ཞིང་ཆེན་གྱིས་ཞང་ཀང་ལ་སྔོ་ཚལ་ཐད་འདོན་བྱེད་པའི་ཚོད་ལྟའི་རྟེན་གཞི་ཡིན་པའི་ཁམས་བོད་ཉི་འོད་དེང་རབས་སྐྱེ་ཁམས་ཞིང་ལས་བྱ་གཞག་གསར་སྐྲུན་གསར་གཏོད་ལྟེ་གནས་སུ་ལ་ཕུག་ཏུན་ཁྲི1.5ཐོན་པ་དང་ཐོན་སྐྱེད་རིན་ཐང་སྒོར་ཁྲི1500རག་ཡོད། ཀྲུའུ་ཅང་ཟུར་གསུམ་ས་ཁུལ་གྱི་ཁྲོམ་རར་ཏུན3000བཙོང་བ་དང་ཞང་ཀང་དང་ཨའོ་མེན་གྱི་ཁྲོམ་རར་ཏུན940བཙོང་པ་རེད། ཐོན་ལས་རྟེན་གཞི་ཡིས་འདེབས་འཛུགས་དུད་ཚང14སྐུལ་ཁྲིད་བྱས་ནས་གླིང་ཁུལ་དུ་ཞུགས་སུ་བཅུག་པ་དང་། ལ་ཕུག་མུའུ2050འདེབས་འཛུགས་བྱས་ནས་སྒོར་ཁྲི700རག་ཡོད། དེ་ནས་མཐའ་སྐོར་གྱི་ཁམས་འགག་དང་ལྷ་མགོ། ཉི་འོད་བཅས་ཀྱི་དུད་ཚང400ལྷག་སྐུལ་ཁྲིད་བྱས་ཏེ་ཡོང་འབབ་སྒོར་ཁྲི350རག་ཡོད་ཅིང་། དུད་ཚང་རེར་ཆ་སྙོམས་སྒོར8750རག་ཡོད་པ་རེད།།