རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པས་ཨ་སྒོར་དུང་ཕྱུར་1.3བཏང་སྟེ་ཨེ་པའོ་ལཱ་རིམས་ནད་ལ་འགོག་རྒོལ་བྱེད་པར་རོགས་རམ་བྱ་རྒྱུ།

ཡོང་ཁུངས།
སྤེལ་དུས།: ༢༠༡༤ ལོའི་ཟླ་ ༩ ཚེས་ ༢༨

             སྤྱི་ཟླ་9པའི་ཚེས་26ཉིན། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པའི་ལག་བསྟར་ཏུང་ཧྲི་ཚོགས་པས་ཨེ་པའོ་ལཱ་རིམས་ནད་ཆེས་ཚབས་ཆེ་བའི་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་གསུམ་ལ་ཨ་སྒོར་དུང་ཕྱུར་1.3གྱི་བྲེལ་མྱུར་རོགས་སྐྱོར་མ་དངུལ་འདོན་སྤྲོད་བྱེད་པར་ཆོག་མཆན་བཀོད།

              རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པས་ཚོད་དཔག་བྱས་ན་རྒྱལ་ཁབ་དེ་དག་གིས་ཨེ་པའོ་ལཱ་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་ཨ་སྒོར་དུང་ཕྱུར་3གྱི་ལྷག་ཆད་ཡོད་ཟེར།