རྫོང་འགག་སྡེ་བས་དགའ་སྤྲོའི་ངང་ལོ་སར་བཅོ་ལྔའི་དུས་ཆེན་ལ་རོལ་བ།
ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༩ ལོའི་ཟླ་ ༢ ཚེས་ ༢༥

འབྲུག་སྐྱེལ་བའི་མཛད་སྒོ་སྔ་དྲོའི་ཆུ་ཚོད་བཅུ་དང་ཕྱེད་ཀྱི་སྟེང་འགོ་བརྩམས་བྱུང་ལ། ཉི་ཟེར་ཤར་རིའི་རྩེ་ནས་རྫོང་འགག་གཞུང་ལ་ཡོངས་སུ་འཕོ་དུས། འབྲུག་རྩེད་མཁན་ཚོ་སྟངས་སྟབས་མྱུར་མོས་འབྲུག་རྩེད་ཞོར་སྡེ་བའི་ཁྱིམ་ཁ་རེ་རེའི་སྒོ་འགྲམ་ནས་མུ་མཐུད་དུ་མདུན་ཕྱོགས་སུ་བསྐྱོད་ནས། མཁར་རྔའི་རམ་དཀྲོལ་དང་མཉམ་དུ་རྩེད་མཁན་ཚོས་ལུས་ཀྱི་རྩལ་ནུས་ཅི་དགར་ངོམས་པར། དེར་ཚོགས་ལྟད་མོ་བས་དགའ་བསུ་དང་ཀི་འབོད་ཚད་མེད་བྱས།
ལོ་སར་བཅོ་ལྔའི་དུས་ཆེན་ལས་འབྲུག་རྩེད་ནི་སྲོལ་རྒྱུན་རྩེད་རིགས་ཀྱི་གྲས་ཤིག་ཡིན་ལ། ཧྲན་ཏུང་དབྱི་ནན་གནའ་བོའི་བང་སོའི་རྡོ་བརྐོས་རི་མོ་ལས་ཚོད་དཔག་བྱས་པ་ལྟར་ན། སྲོལ་རྒྱུན་དུས་ཆེན་དེ་ལ་རང་རྒྱལ་དུ་མ་མཐའ་ཡང་ལོ་2000ལྷག་གི་ལོ་རྒྱུས་ལྡན་པ་རེད།
དེ་ཡང་ལོ་སར་ཚེས་བཅོ་ལྔ་སྟེ། ཐང་རྒྱལ་རབས་ནས་བཟུང་ཉིན་དེའི་མཚན་མོར་ལྒང་ཞུ་ལ་ལྟ་བའི་སྲོལ་དར་བར་གྲགས་པས་ལྒང་ཞུའི་དུས་ཆེན་ཡང་ཟེར་རོ། །