ཀན་ལྷོ་བོད་རིགས་ས་ཁུལ་དུ་ཁ་བའི་ཁྲོད་གོས་སྐུ་གཤོམ་པ།

ཡོང་ཁུངས། མི་དམངས་དྲ་བ།
སྤེལ་དུས།: ༢༠༡༩ ལོའི་ཟླ་ ༢ ཚེས་ ༢༠

     ཟླ་2ཚེས་17ཉིན། ལུགས་རྙིང་ལོའི་ཟླ་དང་པོའི་ཚེས་བཅུ་གསུམ་ཉིན། ཀན་སུའུ་ཡི་ཀན་ལྷོ་ཁུལ་གྱི་བསང་ཆུ་རྫོང་རྒན་གྱ་ཤང་ནང་ཁོངས་སུ་གནས་པའི་བྲག་དཀར་དགོན་དུ་གོས་སྐུ་གཤོམ་པའི་མཛད་སྒོ་འཚོག་པ་རེད།  དེ་ཉིན།  གྲྭ་དམངས་ཀྱིས་དགོན་པ་ནས་གོས་སྐུ་གདན་འདྲེན་ཞུས་པ་དང་། གོས་སྐུའི་སྟེང་གི་སྐུའི་ཞེང་ཚད་ལ་སྨི་4དང་། རིང་ཚད་ལ་སྨི་10ཡས་མས་ཡོད་ལ། ཁ་མདོག་མཚར་བའི་གོས་ཆེན་ལས་སྒྲུབ་ཡོད།