ཟུང་ཆུའི་ཕ་མཐའ་ཡུལ་ཚོས་ལོ་སར་སྐབས་རིག་རྩལ་འཁྲབ་སྟོན་བྱས།

ཡོང་ཁུངས།
སྤེལ་དུས།: ༢༠༡༩ ལོའི་ཟླ་ ༢ ཚེས་ ༡༩
        ཟླ་2པའི་ཚེས་12ཉིན་ཏེ་ལོ་སར་ཚེས་བརྒྱད་ཉིན། ཕ་མཐའ་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི་2019ལོའི་དཔྱིད་སར་དུས་ཆེན་བསུ་བའི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་དགའ་སྤྲོའི་གླུ་གར་དང་བཅས་སྤེལ་བྱུང་།

        བྱེད་སྒོར་སྐོར་བྲོ་དང་རྡུང་ལེན། ཞབས་བྲོ་སོགས་ལེ་ཚན་སྣ་མང་ཕུན་སུམ་ཚོགས་ཤིང་། འབྲེལ་འདྲིས་གཉིས་དང་སྒྲོག་པ་གཅིག་གིས་དམངས་སེམས་སྒྲིལ་བ། དབུལ་བྲལ་གནད་སྒྲོལ་ཁྲོད་དམངས་ཀྱི་དགོས་མཁོ་འདྲི་བ། གྲོང་གསེབ་དར་རྒྱས་ཀྱིས་དམངས་ལ་ཕན་པའི་བརྗོད་དོན་འབུར་དུ་དོད་ལ། རྒྱ་ཆེའི་ལྟད་མོ་བས་དགའ་བསུ་ཚད་མེད་ཐོབ།