རྒྱལ་སའི་རྟེན་རྫས་བཤམས་མཛོད་ཁང་དུ་བསྐྱོད་ནས་ལོ་ངོ་སྟོང་གི་སྐུ་འདྲ་ལ་མཇལ་བ།
ཡོང་ཁུངས། མི་དམངས་དྲ་བ།
སྤེལ་དུས།: ༢༠༡༩ ལོའི་ཟླ་ ༡ ཚེས་ ༡༨


མིང་རྒྱལ་རབས་སྐབས་ནི་བོད་བརྒྱུད་ནང་བསྟན་གྱི་སྐུ་འདྲའི་སྒྱུ་རྩལ་ཆེས་ཆེར་འཕེལ་བའི་དུས་སྐབས་ཡིན་པ་དང་། རྒྱ་བོད་གཉིས་ཀྱི་སྒྱུ་རྩལ་ཕན་ཚུན་སྤེལ་རེས་བྱས་ནས། སྐབས་དེ་དུས་ཀྱི་སྐུ་འདྲའི་སྒྱུ་རྩལ་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་གཙོ་བོར་གྱུར་ཡོད། འདི་ནི་མིང་རྒྱལ་རབས་སྐབས་ཀྱི་བོད་བརྒྱུད་ནང་བསྟན་གྱི་སྟོན་པའི་སྐུ་དང་བྱང་ཆུབ་སེམས་དཔའི་སྐུའི་ཚོགས་པ་ཞིག་རེད།

གསེར་ཟངས་ཀྱི་རྡོ་རྗེ་སེམས་དཔའི་སྐུ་ཞིག་ཡིན། ཡོན་རྒྱལ་རབས། (1271-1368ལོ)

བི་རཱུ་པའི་སྐུ། མིང་རྒྱལ་རབས་སྐབས། (1368-1644ལོ)

འདི་ནི་ཆིང་རྒྱལ་རབས་སྐབས་ཀྱི་ཁལ་ཁ་སོག་པོའི་ལྷ་སྐུ་ཞིག་ཡིན། ཆིང་རྒྱལ་རབས་ཀྱིས་རྗེ་བཙུན་དམ་པ་ཧུ་ཐུག་ཐུ་ལ་སོག་པོ་ཁལ་ཁ་ཚོ་བ་བསྩལ་བས། སོག་པོའི་ཁལ་ཁ་ས་ཁུལ་འདི་ལྟོས་བཅས་ཀྱིས་རང་ཚུགས་ཡིན་པའི་ཆོས་ལུགས་ས་ཁུལ་ཞིག་གྲུབ་པ་དང་། ས་གནས་དེ་གའི་སྐུ་འདྲ་ལའང་ཐུན་མོང་མ་ཡིན་པའི་ས་གནས་ཀྱི་ཁྱད་ཆོས་ཀྱིས་ཕྱུག་ཡོད།
![]() |
གསེར་ཟངས་ཀྱི་ལྷ་སྐུ། མིང་རྒྱལ་རབས་སྐབས། |
![]() |
སྤྱན་རས་གཟིགས་ཀྱི་ཟངས་སྐུ། མིང་རྒྱལ་རབས་སྐབས། |
![]() |
འཕགས་པ་ཀུན་ཏུ་བཟང་པོའི་སྐུ། མིང་རྒྱལ་རབས་སྐབས།(1368-1644ལོ) |
![]() |
ཟངས་དང་འཇིམ་པ། གསེར་ལས་བཞེངས་པའི་སྒྲོལ་མའི་སྐུ། ཆིང་རྒྱལ་རབས་སྐབས།(1644-1911ལོ) |
![]() |
སྒྲོལ་མ་དཀར་པོའི་སྐུ། ཆིང་རྒྱལ་རབས་སྐབས། (1644-1911ལོ) |
![]() |
པཎ་ཆེན་སྐུ་ཕྲེང་བཞི་བའི་སྐུ། ཆིང་རྒྱལ་རབས་སྐབས།(1644-1911ལོ) |

གསེར་ཟངས་ལས་བཞེངས་པའི་སྐུ་འདྲ་འགའ། མིང་རྒྱལ་རབས་སྐབས།
འགྲེམས་སྟོན་གྱིས་སྐུ་འདྲའི་སྒྱུ་རྩལ་རང་རྒྱལ་དུ་འཕེལ་རྒྱས་དང་རིམ་འགྱུར་བྱུང་བའི་ཆོས་ཉིད་དང་། རིག་གནས་མི་འདྲ་བའི་སྒྱུ་རྩལ་གྱི་རྣམ་པ་སོགས་མཚོན་ཡོད་ལ། དེ་བཞིན་དུ་སྒྱུ་རྩལ་འདིའི་རིགས་ཀྱིས་མཚོན་པའི་ཀྲུང་ཧྭ་རིག་གནས་ཀྱི་ཉིང་བཅུད་ཀྱང་མངོན་ཡོད།
![]() |
གསེར་ཟངས་ལས་བཞེངས་པའི་ཡུམ་གྱི་སྐུ་འདྲ་འགའ། |
![]() |
གསེར་ཟངས་ལས་བཞེངས་པའི་ཤར་ཕྱོགས་ཀྱི་མཆོད་པའི་ལྷ་མོ། མིང་རྒྱལ་རབས་སྐབས།(1368-1644ལོ)
|