དགོན་འབྲེལ་གྲྭ་འདྲིས་ཀྱི་ལས་ཀ
ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༩ ལོའི་ཟླ་ ༡ ཚེས་ ༩

ཡོན་ཀྲང་ཆིན་ཧའེ་ཡིས་གྲོ་ཚང་སྤྲུལ་སྐུར་ཁྲིམས་ཁང་གི་བྱ་བ་ངོ་སྤྲོད་བྱས་ཤིང་། གྲོ་ཚང་སྤྲུལ་སྐུས་གྲོ་ཚང་དགོན་པ་ངོ་སྤྲོད་བྱས་པར་ཉན།
ཡོན་ཀྲང་ཆིན་ཧའེ་ཡིས། ཐོག་མར། ང་རང་ལས་གནས་འདིར་གསར་དུ་ཞུགས་པ་ཡིན་པས། སྤྲུལ་སྐུ་ཚང་ནས་ཐུགས་ཁུར་གང་མང་གནང་དགོས་ལ། དེ་མིན་ཁྲིམས་ཁང་གི་བྱ་བར་མཛུབ་ཁྲིད་ཡང་གནང་དགོས། ཞེས་བཤད། དེ་མིན། དགོན་འབྲེལ་གྲྭ་འདྲིས་ཀྱི་ལས་ཀ་འདི་སྤེལ་ཏེ། ཁྲིམས་ཁང་གིས་དགོན་པར་ཁྲིམས་ལུགས་མང་པོ་སྒྲོག་བཞིན། ཁྲིམས་ཀྱིས་དགོན་པ་སྐྱོང་བར་སྐུལ་མ་བྱ་དགོས་ཞེས་བཤད། གྲོ་ཚང་སྤྲུལ་སྐུ་ཡིས། ཡོན་ཀྲང་ཆིན་ཧའེ་དང་ཁུལ་ཡོངས་ཀྱི་ཁྲིམས་ཁང་གཉིས་ལ་འབྲེལ་བ་དམ་དུ་བཏང་ནས། དགོན་འབྲེལ་གྲྭ་འདྲིས་ཀྱི་ལས་ཀ་ལེགས་པོར་སྒྲུབས་དགོས་ཞེས་གསུངས་སོ།།