སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནི་ཀུན་ལ་རག་ལས་ཡོད།
ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༩ ལོའི་ཟླ་ ༡ ཚེས་ ༨

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། ཏང་དང་རྒྱལ་ཁབ་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ལ་མཐོང་ཆེན་བྱས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ལས་ནན་གྱིས་བསྟན་དོན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་ནི། དམངས་ཀྱི་སྐྱིད་སྡུག་དང་མི་རིགས་འཕེལ་རྒྱས་ཀྱི་འགག་རྩར་རག་ལས་ཡོད། རང་བྱུང་ཐོན་ཁུངས་ཇེ་ཉུང་དུ་འགྲོ་བཞིན་པ་དང་། ཁོར་ཡུག་སྦག་བཙོག་ཚབས་ཆེན་བཟོས་པ། སྐྱེ་ཁམས་མ་ལག་ཞན་དུ་འགྱུར་བཞིན་ཡོད་པས། ང་ཚོས་མཐའ་གཅིག་ཏུ་རང་བྱུང་ཁམས་ལ་བརྩི་མཐོང་དང་། རང་བྱུང་ཁམས་དང་བསྟུན་ཤེས། རང་བྱུང་ཁམས་སྲུང་སྐྱོབ་བྱེད་པ་བཅས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་དམ་དུ་བཟུང་ནས། སྐྱེ་ཁམས་འཛུགས་སྐྲུན་བྱ་རྒྱུ་དེ་དཔལ་འབྱོར་དང་ཆབ་སྲིད། སྤྱི་ཚོགས་དང་ཤེས་རིག་འཛུགས་སྐྲུན་བཅས་དང་སྦྲགས་ནས། མཛེས་སྡུག་གི་ཀྲུང་གོ་སྐྲུན་པར་འབད་པ་བྱས་ཏེ། ཀྲུང་ཧྭ་མི་རིགས་རྒྱུད་མཐུད་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་ཡོང་བ་བྱ་དགོས། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་ལས། ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་གྱི་དགོངས་པ་དམིགས་ཀྱིས་བསྟན་པས། རྔ་བ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད།


1993ལོ་ནས་བཟུང་མཛོད་དགེ་རྫོང་གིས་བྱེ་འགོག་ལས་ཀ་སྤེལ་ཏེ། རྩྭ་ས་ལེགས་བཅོས་ཀྱི་ལམ་དུ་ཞུགས། གཞི་གྲངས་ལས་མངོན་པར། མིག་སྔར། མཛོད་དགེའི་རྩྭ་ས་བྱེ་འགྱུར་གྱི་ཚད་དེ། 2009ལོའི་བརྒྱ་ཆའི་10.39ནས་5.32སུ་མར་བཅག་ཡོད་པ་དང་། རྩྭ་ས་སྤྱི་ཆིང་ཁྲི་3.1ལྷག་སླར་གསོ་བྱུང་ཡོད། འདི་ལས་རང་ཁུལ་གྱི་སྐྱེ་ཁམས་མ་ལག་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་མངོན་ཐུབ་ལ། རང་ཁུལ་གྱི་སྐྱེ་ཁམས་མ་ལག་འཛུགས་སྐྲུན་གྱི་བྱ་གཞག་ལ་གྲུབ་འབྲས་ཡང་མངོན་ཡོད་དོ། །