སྒྱུར་བཅོས་སྒོ་འབྱེད་འབྲས་བཟང་ལས་མདུན་སྐྱོད་ཀྱི་སྤོབས་སེམས་བསྐྱེད།
ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༨ ལོའི་ཟླ་ ༡༢ ཚེས་ ༢༡
རྔ་བ་ཁུལ་གྱི་ལས་བྱེད་མང་ཚོགས་ཀྱིས་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་འཁོར40ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་ཐད་གཏོང་ལ་བལྟས་པ།
ཟླ12པའི་ཚེས18ཉིན་གྱི་སྔ་དྲོའི་དུས་ཚོད10ལ། པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་ནས་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་འཁོར40ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་དུ་ཕེབས་ཤིང་གསུང་བཤད་གལ་ཆེན་གནང་། རྔ་བ་ཁུལ་གྱི་ས་གནས་སོ་སོའི་ལས་བྱེད་པ་དང་མང་ཚོགས་མཉམ་དུ་འདུས་ནས་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་འཁོར40ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལ་ནན་ཏན་གྱིས་བལྟས་ཏེ། ཀུན་ལ་སྐུལ་ལྕག་ཆེན་པོ་ཐེབས་ཤིང་དགའ་བས་ཐལ་མོ་ཆད་མེད་དུ་བརྡབས། སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་འཁོར40རིང་གི་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་ཡིད་ཀྱི་དང་བར་འདྲེན་ཞོར་མ་འོངས་པའི་མདུན་ལམ་ལ་ཡིད་ཆེས་དང་སྤོབས་པ་ཆེས་ཆེར་རྒྱས་བྱུང་།

ཟུང་ཆུ་རྫོང་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ལག་འཛིན་ཁ་པར་གྱི་བརྙན་ལམ་བརྒྱུད་ནས་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་གནས་ཚུལ་ལ་ལྟ་བཞིན་པ།

