“སྤྲོ་ཁང”ཆུང་ཆུང་གིས་བདག་པོ་བསུས་པ།
ཡོང་ཁུངས། མི་དམངས་དྲ་བ།
སྤེལ་དུས།: ༢༠༡༨ ལོའི་ཟླ་ ༡༢ ཚེས་ ༡༩

གཅིག་བསྡུས་བཀོད་སྒྲིག་བྱ་ཡུལ་དུ། སྡོད་ཁང་དག་ནི་བསྟར་ལ་བརྒྱུས་ཏེ་གྲལ་འགྲིག་པོར་ཡོད་ལ། འཛུགས་སྐྲུན་གྱི་ཁྱད་ཆོས་དང་བཟོ་བཀོད་ནི་ལས་གྲྭ་དང་པོའི་སྡོད་ཁང་དག་དང་གཅིག་གྱུར་བཟོས་ཡོད། མ་འོངས་པར། རྫོང་ཡོངས་ཀྱི་ཤང( གྲོང་རྡལ)16 ནས་ཡོང་བའི་དུད་ཚང་དབུལ་པོ་དག་གིས་གནས་འདི་རུ་མཉམ་གཅིག་ཏུ་ལྷིང་འཇགས་ཤིང་བཀྲ་ཤིས་ལ་འཆམ་མཐུན་ཡིན་པའི་གྲོང་ཚོ་གསར་པ་ཞིག་འཛུགས་རྩིས་ཡོད།
སྲིབ་ངོ་ཤང་ཡར་ལུང་མདའ་གྲོང་ཚོ་ནས་ཡོང་བའི་གྲོང་མི་ངག་དབང་བཟང་པོས་གསར་འགོད་པར་བཤད་རྒྱུར། “ སྔོན་ཆད་ང་ཚོ་ནི་འབྲོག་པ་ཡིན་ཞིང་རིའི་སྒང་ལ་བསྡད་ཡོད། རྗེས་སུ་དཀར་མཛེས་རྫོང་དུ་ཁང་བ་ཞིག་གླས་ནས་ཁྱིམ་མི་གང་བོ་དེར་གནས་སྤོས་བ་ཡིན། ཡོང་སྒོ་ཉུང་བའི་རྐྱེན་གྱིས་ཟླ་རེར་སྒོར་300 ཡིན་པའི་ཁང་པ་ཆུང་ཆུང་ཞིག་གླས། གལ་ཏེ་མི་ཞིག་ཁང་པའི་ནང་དུ་འགྲོ་དགོས་བྱུང་ན། དེར་བསྡད་ཡོད་པའི་མི་གཞན་རྣམས་ངེས་པར་དུ་ཡར་ལངས་ནས་ཁོ་ལ་ལམ་ཕྱེ་དགོས། འོན་ཏེ་ད་ལྟ་ཡག་པོ་བྱུང་སོང་། རྒྱལ་ཁབ་ཀྱིས་ང་ཚོ་དབུལ་ཕོངས་ཁྱིམ་ཚང་འདི་དག་ལ་སྡོད་ཁང་གི་གནད་དོན་ཐག་བཅད་པ་རེད། བཀོད་སྒྲིག་བྱ་ཡུལ་གྱི་ཁང་པ་མཛེས་ཤིང་ཁ་ཡང་ཉི་མར་ཕྱོགས་ཡོད། ཤ་ཉེ་དང་གྲོགས་པོ་ཡོང་ན་ཡང་སྡོད་གནས་མེད་པར་སྐྲག་མི་དགོས། རྗེས་ཕྱོགས་ངས་ནན་ཏན་སྒོས་སྒོར་མོ་བཙལ་ནས་ཁྱིམ་ཚང་བསྐྱང་པས་ཆོག”ཟེར།
ཤེས་རྟོགས་བྱུང་བར་གཞིགས་ན། བཀོད་སྒྲིག་བྱ་ཡུལ་གྱི་དུས་ཐེངས་གཉིས་པའི་ལས་གྲྭའི་འཆར་གཞི་ལ་མ་དངུལ་སྒོར་མོ་ཁྲི་4046.3བཏང་ལ། དུད་ཚང91གི་མི་གྲངས་339 ཡི་སྡོད་ཁང་གི་གནད་དོན་ཐག་བཅད་པ་དང་། 2017 ལོར་མ་དངུལ་སྒོར་མོ་ཁྲི་3943.4བཏང་ནས་ལེགས་འགྲུབ་བྱུང་བའི་དུས་ཐེངས་དང་པོའི་ལས་གྲྭ་དང་མཉམ་དུ་སྤྱིའི་ཆ་ནས་མཛེས་ཤིང་གྲལ་འགྲིག་པའི་དེང་རབས་ཅན་གྱི་མཐོ་སྒང་གི་གྲོང་ཚོ་ཞིག་ཏུ་གྱུར་འདུག