ལིས་རྫོང་གིས་ཚིགས་ལྦ་ནད་པར་རིན་མི་དགོས་པའི་སྨན་རྫས་བྱིན།
ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༨ ལོའི་ཟླ་ ༡༠ ཚེས་ ༡༢

སྨན་རྫས་སྟེར་བའི་ཡུལ་དངོས་ནས་རྫོང་དེའི་ནད་རིགས་སྔོན་འགོག་ལྟེ་གནས་དང་འཕྲོད་བསྟེན་ཁང་གི་ལས་བྱེད་པས་ནད་པ་ཚོར་སྨན་འཐུང་སྟངས་དང་། སྨན་འཐུང་ཚད་སོགས་གསལ་བཤད་བྱས་ནས་ཅི་བསམ་གང་འདོད་ཀྱིས་སྨན་བེད་སྤྱོད་པའི་གོམས་གཤིས་ངན་པའི་རིགས་ལ་སྔོན་འགོག་བྱས། གོ་རིམ་ལྡན་ལ་ནུས་པ་ཐོན་པའི་སྒོས་ནས་སྨན་བཅོས་བྱེད་ཐུབ་པར་ཁག་ཐེག་བྱས། རྗེས་ཕྱོགས་ནས་རྫོང་དེའི་ནད་རིགས་སྔོན་འགོག་ལྟེ་གནས་ཀྱིས་སྨན་རྫས་ཀྱིས་ནད་པར་ཐོན་པའི་ནུས་པར་ཚོད་དཔག་དཔྱད་ལེན་བྱས་ནས། ཚིགས་ལྦ་ནད་པར་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱེད་པ་དང་། ནད་པའི་དངོས་བཅོས་ནད་རྟགས་ངོས་ཟིན་སླ་བ། འཚོ་བའི་སྤུས་ཀ་སོགས་ཇེ་བཟང་དུ་འགྲོ་བར་ཁག་ཐེག་བྱེད་བཞིན་ཡོད།།