ཟུང་ཆུ་རྫོང་ཅན་ཞིན་སྡེ་བའི་བཤིག་ཐེབས་ཆུ་རགས་ལས་བཟོའི་ཡུལ་དངོས།

ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༨ ལོའི་ཟླ་ ༩ ཚེས་ ༡༤
        ཉེ་ཆར། 8·8གཟི་རྩ་སྡེ་དགུའི་ས་ཡོམ་གྱི་གནོད་རྗེས་སླར་གསོ་བསྐྱར་སྐྲུན་ལས་གྲྭ་སྟེ། ཟུང་ཆུ་རྫོང་གསེར་མཚོ་ཡུལ་ཚོ་ཅན་ཞིན་སྡེ་བའི་སླར་གསོ་བསྐྱར་སྐྲུན་བཤིག་ཐེབས་ཆུ་རགས་ལས་བཟོའི་ཡུལ་དངོས་སུ། བཟོ་བ་རྣམས་ཀྱིས་ཉི་མའི་ཚ་གདུགས་ལ་མི་འཛེམ་པར་ལས་བཟོ་ལ་བྲེལ་བཞིན་ཡོད། ལས་གྲྭ་དེས་སླར་གསོ་བསྐྱར་སྐྲུན་གྱི་བཤིག་ཐེབས་འགོག་རགས་སྨི་838.3དང་། སྲ་བཟོས་འགོག་རགས་སྨི་80དང་། ཆུ་རྒྱུད་འདིའི་ཆུ་མཚམས་སྨི་560ལ་གཙང་དག་བྱས། 8·8གཟི་རྩ་སྡེ་དགུའི་ས་ཡོམ་གྱི་གནོད་རྗེས་སླར་གསོ་བསྐྱར་སྐྲུན་ལས་གྲྭའི་ཁྲོད་ཟུང་ཆུ་རྫོང་གི་ཆུ་རགས་གཉིས་ཡོད་ལ། གཅིག་ནི་གཙོ་ཚང་རྒུ་གྲོང་རྡལ་གྱི་ཆུ་རགས་ལས་གྲྭ་དང་ཅིག་ཤོས་ནི་གསེར་མཚོ་ཡུལ་ཚོ་ཅན་ཞིན་སྡེ་བའི་ཆུ་རགས་ལས་གྲྭ་ཡིན་ལ། ལས་གྲྭར་ཁྱོན་མ་དངུལ་སྒོར་ཁྲི་860གཏོང་རྒྱུ་ཡིན་པ་དང་ད་ལོའི་ཟླ་5པར་ལས་འགོ་འཛུགས་རྒྱུ་རེད། མིག་སྔར་ལས་གྲྭ་འཛུགས་སྐྲུན་ལས་60%ལེགས་འགྲུབ་བྱུང་ཡོད་དོ།།