ལོ་ངོ་4000ལྷག་ཙམ་སྔོན་གྱི་ཨེ་ཅིབ་ཀྱི་བང་སོ་ཞིག་ཐོག་མར་སྤྱི་དམངས་ལ་སྒོ་ཕྱེ་བ།

ཡོང་ཁུངས། མི་དམངས་དྲ་བ།
སྤེལ་དུས།: ༢༠༡༨ ལོའི་ཟླ་ ༩ ཚེས་ ༡༡

        ཟླ་9ཚེས་8ཉིན། ཨེ་ཅིབ་རིག་དངོས་པུའུ་ཡིས་རྒྱལ་ས་ཁེ་རོའི་ལྷོ་ཕྱོགས་ཀྱི་སའེ་ཅ་ལ་ས་ཁུལ་དུ་ཨེ་ཅིབ་གནའ་བོའི་རྒྱལ་ཁབ་དུས་སྐབས་ཀྱི་བང་སོ་ཞིག་ཕྱི་ཕྱོགས་ལ་སྒོ་དབྱེ་བའི་མཛད་སྒོ་སྤེལ་ཅིང་། འདི་ནི་གནའ་བོའི་བང་སོ་འདི་1939ལོར་གསར་དུ་རྙེད་པ་ནས་སྤྱི་དམངས་ལ་སྒོ་ཕྱེ་ཐེངས་དང་པོ་རེད།