ཁྲོ་ཆུ་རྫོང་ངོ་བཀའ་སྡེ་བའི་སྒོག་པ་ལ་འབྲས་བཟང་སྨིན།
ཡོང་ཁུངས། རྔ་བ་བརྙན་འཕྲིན་ཁང་།
སྤེལ་དུས།: ༢༠༡༨ ལོའི་ཟླ་ ༩ ཚེས་ ༧

སྒོག་པའི་རྒྱུ་སྤུས་བཟང་བོ་ཁག་ཐེག་བྱས་པས། ངོ་བཀའ་སྡེ་བའི་ཕྱིར་འཚོང་གི་ལམ་ཁ་ཡང་རང་བཞིན་གྱིས་ཇེ་ལེགས་སུ་གྱུར་པས། ངོ་བཀའ་སྡེ་བའི་གྲུབ་འབྲས་བཟང་པོ་འདི་ལ་རྫོང་ཡོངས་ཀྱི་ཡུལ་སྡེ་གཞན་རྣམས་ཀྱིས་ཀྱང་གཅིག་རྗེས་གཉིས་མཐུད་ཀྱིས་སློབ་སྦྱོང་བྱས་ནས་སྒོག་པ་འདེབས་འཛུགས་ཀྱི་ཐོན་ལས་རིམ་བཞིན་རྒྱ་ཆེར་བཏང་སྟེ། ཁྲོ་ཆུའི་མཐོ་སྒང་གི་གདོད་སྐྱེས་སྒོག་པའི་ཚོང་རྟགས་དེ་སྔར་ལས་ཇེ་བཟང་དུ་གཏོང་བཞིན་འདུག
ས་བཅུད་འཛོམས་པས་སྒོག་པར་འབྲས་བཟང་སྨིན། མཐོ་སྒང་གི་གདོད་སྐྱེས་སྒོག་པ་དེ་མཚོ་ངོས་ལས་མཐོ་ཚད་སྨི་སྟོང་གསུམ་ཡས་མས་ཡོད་པའི་མཐོ་སྒང་དུ་སྐྱེས་ཡོད་ལ། སྒོག་པ་རྡོག་རེ་རེ་ཡིས་ཕྱུག་འགྱུར་གྱི་རེ་བ་ཆེན་པོ་བསྩལ་བར་མ་ཟད། འདི་ལས་མི་སེར་རྣམས་ཀྱིས་བདེ་སྐྱིད་འཚོ་བའི་ཉི་གཞོན་གསར་བ་ཞིག་མི་འགྱངས་པར་ཡུལ་ལུང་འདིའི་ཁོར་ཡུག་ཀུན་ལ་འཕྲོ་བར་ཡིད་ཆེས་ཀྱིས་ཁེངས་འདུག