བོད་སྐད་གློག་བརྙན་《ལག་དམར་》ཝེ་ནེའུ་སིའི་གློག་བརྙན་དུས་ཆེན་དུ་ཐོག་མར་བསྟན་པ།
ཡོང་ཁུངས། མི་དམངས་དྲ་བ།
སྤེལ་དུས།: ༢༠༡༨ ལོའི་ཟླ་ ༩ ཚེས་ ༧

གློག་བརྙན་《ལག་དམར་》ནི་ཚེ་རིང་ནོར་བུའི་སྒྲུང་ཐུང་ཞིག་དང་པདྨ་ཚེ་བརྟན་ཁོང་ཉིད་ཀྱི་སྒྲུང་ཐུང་ཞིག་ལེགས་སྒྲིག་བྱས་པ་ཡིན་ཞིང་། དེ་ནི་ཤ་འཁོན་གྱི་དོན་དག་ལས་བྱུང་བའི"ཉེས་བཤགས"དང་"བཟོད་སྒོམ་"སྐོར་གྱི་གཏམ་རྒྱུད་ཅིག་ཞིབ་བརྗོད་བྱས་པ་དང་། གློག་བརྙན་འདིའི་འཁྲབ་སྟོན་པ་ཚང་མ་བོད་རིགས་ཡིན་ཞིང་བརྙན་ཕབ་ས་ཡང་བོད་ཁུལ་ཡིན།
ཤེས་རྟོགས་བྱུང་བར་གཞིགས་ན། གློག་བརྙན་《ལག་དམར་》ནི་2015ལོའི་གློག་བརྙན་《ཐར་ལོ་》ཡི་རྗེས་སུ། པདྨ་ཚེ་བརྟན་གྱིས་འཁྲབ་ཁྲིད་གནང་བའི་གློག་བརྙན་གནམ་ས་འབྲེལ་མཚམས་ཀྱི་འགྲན་བསྡུར་སྡེ་ཚན་དུ་ཚུད་ཐེངས་གཉིས་པ་ཡིན་འདུག