དབུལ་བྲལ་རོགས་སྐྱོར་བ་རྡོ་རྗེ་ཚེ་རིང་།

ཚོ་བར་གྲོང་ཚོ་ཡོངས་ལ་དུད་ཁྱིམ་སོ་ལྔ་དང་མི་བརྒྱ་དང་བདུན་ཅུ་ཡོད། དེའི་ཁྲོད་དུ་ཚགས་འཛུགས་བྱང་འགོད་བྱས་པའི་དབུལ་ཕོངས་དུད་ཁྱིམ་བཅུ་གཅིག་དང་མི་ང་གཅིག་ཡོད། དབུལ་ཕོངས་བྱུང་ཚད་བརྒྱ་ཆའི་སུམ་ཅུ་ཡན་ལ་སོན་ཡོད་པས། མིང་དོན་མཚུངས་པའི་དབུལ་ཕོངས་གྲོང་ཚོ་ཞིག་ཡིན་པ་རེད། གྲོང་ཚོའི་ནང་གི་དཀའ་གནད་དངོས་ཐག་གཅོད་བྱེད་པའི་ཆེད་དུ། རྡོ་རྗེ་ཚེ་རིང་གིས་གཞི་རིམ་རྩ་འཛུགས་ཇེ་དྲག་ལ་གཏོང་རྒྱུ་རྒྱུན་འཁྱོངས་དང་། ཟླ་བ་རེར་ཐུན་མོང་སློབ་སྦྱོང་ལམ་ལུགས་ཐེངས་གཅིག་རེ་རྒྱུན་འཁྱོངས་བྱས་ནས། ཨུ་ལྷན་གཉིས་ཀྱི་ཁོངས་མིའི་རྩ་དོན་འདུ་ཤེས་དང་ལས་ཀའི་ལས་འགན་འདུ་ཤེས་ཇེ་དྲག་ལ་བཏང་ཡོད་པ་རེད། དུས་མཚུངས་སུ། གྲོང་ཚོའི་དོན་གཉེར་གྱིས་གྲོང་ཚོའི་ནང་གི་བྱ་བ་ཆེ་ཆུང་མང་པོ་ཚང་མ་སྤྱི་བསྒྲགས་བྱས་ཏེ། མང་ཚོགས་ལ་སེམས་བདེ་བཅུག་པ་དང་། གྲོང་ཚོ་ཨུ་ལྷན་གྱི་སྤྱིའི་ཡིད་རྟོན་ནུས་པ་མཐོར་འདེགས་བྱས་ཡོད་པ་རེད། གྲོང་ཚོའི་ནང་གི་རྗེས་ལུས་ཀྱི་རྣམ་པ་བཅོས་སྒྱུར་བྱེད་ཆེད། རྡོ་རྗེ་ཚེ་རིང་གིས་ད་དུང་བརྩོན་སེམས་ཆེན་པོས་རང་གི་ཡོན་ཏན་ཡོངས་སུ་འདོན་སྤེལ་བྱས་ཏེ།གྲོང་ཚོའི་ནང་རྨང་གཞི་སྒྲིག་ཆས་ཀྱི་མ་དངུལ་བརྩོན་ལེན་བྱས་ནས། ལམ་དང་ཟམ་པ། ལྗང་བཟོ་ནགས་བསྐྲུན་དང་མི་ཟོག་གི་བཏུང་ཆུ། དེ་བཞིན་དུ་སྦུག་ལམ་སྒྲིག་འཇུག་སོགས་ཀྱི་ལས་ཀ་ལེགས་འགྲུབ་བྱུང་ནས། གྲོང་ཚོའི་རྣམ་པ་ལ་འགྱུར་ལྡོག་ཆེན་པོ་བྱུང་བཅུག་ཡོད་པ་རེད། མི་སེར་གྱི་དབུལ་ཕོངས་གནད་དོན་སེལ་ཆེད། རྡོ་རྗེ་ཚེ་རིང་གིས་གྲོང་ཚོའི་ཐུན་མོང་དཔལ་འབྱོར་ཇེ་ཆེར་བཏང་བ་བརྒྱུད། དབུལ་བྲལ་ཕྱུག་འགྱུར་གྱི་བསམ་ཕྱོགས་མངོན་འགྱུར་བྱས་ཡོད་པ་རེད།
