ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
སྤེལ་དུས།: ༢༠༡༤ ལོའི་ཟླ་ ༩ ཚེས་ ༥
ཉེ་ལམ། དཀར་མཛེས་ཉིན་རེའི་ཚགས་པར་ཁང་གིས་དཔེ་ཚོགས་ཤིག་པར་སྐྲུན་བྱས་པའི་གྲས་སུ་《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ས་མིང་།》(རྒྱ་བོད་ཤན་སྦྱར)ཞེས་པའི་དཔེ་དེབ་གལ་ཆེན་ཞིག་ཚུད་ཡོད་ཅིང་། དེབ་འདིའི་ནང་དཀར་མཛེས་ཁུལ་ཡོངས་ཀྱི་རྫོང་ཁག་18ཀྱི་ཡུལ་ཚོ་དང་གྲོང་རྡལ། དེ་བཞིན་སྲིད་འཛིན་གྲོང་ཚོ་དང་འབྲོག་ར། རི་ཀླུང་། ཆུ་བོ། ཟམ་པ། དགོན་པ་སོགས་ཀྱི་ས་མིང་རྒྱ་བོད་ཤན་སྦྱར་གྱི་ལམ་ནས་ཕྱོགས་བསྡུས་བྱས་ཡོད།