ཨ་རིའི་ཀུ་ཤུ་ཀུང་སིའི་ཁྲོམ་རའི་རིན་གོང་ཨ་སྒོར་དུང་ཕྱུར་ཁྲི་ལས་བརྒལ་བ།
ཡོང་ཁུངས། མི་དམངས་དྲ་བ།
སྤེལ་དུས།: ༢༠༡༨ ལོའི་ཟླ་ ༨ ཚེས་ ༦
ཟླ་8ཚེས་2ཉིན། ཨ་རིའི་ཀུ་ཤུ་ཀུང་སིའི་མ་རྐང་རིན་གོང་2.92%འཕར་ཡོད་པ་དང་། ཀུང་སིའི་མ་རྐང་རིན་གོང་རེ་རེ་ལས་ཨ་སྒོར་207.39ཡོང་འབབ་བསགས་པ་རེད། ཉིན་དེའི་ཡོང་འབབ་ལ་གཞིགས་ནས་སྡེབ་རྩིས་བྱས་ན། ཀུ་ཤུ་ཀུང་སིའི་ཁྲོམ་རའི་རིན་གོང་ཨ་སྒོར་དུང་ཕྱུར་ཁྲི་1ལས་བརྒལ་བ་དང་། ཨ་རིའི་དངུལ་འཛིན་ལོ་རྒྱུས་ཐོག་ཁྲོམ་རའི་རིན་གོང་ཨ་སྒོར་དུང་ཕྱུར་ཁྲི་བརྒལ་བའི་ཁྲོམ་ཞུགས་ཀུང་སི་ཐོག་མར་གྱུར་བ་རེད།