རྔ་བ་རྫོང་གི་ཁྲོམ་རའི་དངོས་གོང་ཕལ་ཆེར་བརྟན་འཇགས་སུ་གནས།

ཡོང་ཁུངས། རྔ་བ་བརྙན་འཕྲིན་ཁང་།
སྤེལ་དུས།: ༢༠༡༨ ལོའི་ཟླ་ ༧ ཚེས་ ༢༠

    ཆུ་བྲུག་པའི་དུས་ཀྱི་ཁྲོམ་རའི་དངོས་གོང་གི་འཕར་ཆག་གནད་དོན་ཐག་གཅོད་བྱེད་པའི་ཆེད་དུ། རྔ་བ་རྫོང་དངོས་གོང་ཅུས་དང་བཟོ་སྤུས་ཟས་སྨན་ཅུས་བཅས་ཀྱིས་མཉམ་འབྲེལ་སྒོས་རྟོག་ཞིབ་རུ་ཁག་བཙུགས་ཏེ། རྫོང་ནང་ཁུལ་གྱི་སྡེབ་ཚོང་ཁང་དང་འབྲུ་སྣུམ་ཚོང་ཁང་སོགས་སུ་སོང་ནས་དམིགས་བསལ་གྱི་རྟོག་ཞིབ་བྱས།
    མིག་སྔར། རྔ་བ་རྫོང་གི་འབྲེལ་ཡོད་སྡེ་ཁག་སོ་སོས་ཐབས་ལམ་སྣ་ཚོགས་བརྒྱུད་ནས་འབྲུ་སྣུམ་དང་ཤ བྱ་སྒོང་སོགས་མང་ཚོགས་ཀྱི་འཚོ་བར་མཁོ་བའི་ཟས་རིགས་ནང་འདྲེན་བྱས་ཏེ། ཁྲོམ་རའི་མཁོ་འདོན་ནུས་པ་ལ་ཤུགས་སྣོན་བྱེད་བཞིན་ཡོད་པ་དང་། ཕྱོགས་ཡོངས་ནས་དོ་དམ་བྱས་པ་བརྒྱུད་ནས་རྔ་བ་རྫོང་གི་ཟའ་རིགས་གཙོ་བོ་དང་ཞོར་ཟས་སོགས་ཀྱི་རིན་གོང་སྤྱིའི་ཆ་ནས་བརྟན་འཇགས་སུ་གནས་པ་རེད།