ཁྲོ་ཆུ་རྫོང་གི་ཞིང་བའི་ཡོང་སྒོ་འཕར་སྣོན་བྱུང་།
ཡོང་ཁུངས། རྔ་བ་བརྙན་འཕྲིན་ཁང་།
སྤེལ་དུས།: ༢༠༡༨ ལོའི་ཟླ་ ༧ ཚེས་ ༡༩

ས་ཞིང་དང་གནམ་གཤིས་གཅིག་འདྲ་ཡིན་ཀྱང་། བྱེད་ཐབས་མ་འདྲ་བའི་ས་ཞིང་འཁོར་རྒྱུག་དང་ཐོན་ལས་སྒྲིག་གཞི་ལེགས་སྒྲིག་བྱས་པས་ཞིང་བ་རྣམས་ལ་སྔར་ལས་བཟང་བའི་ཁེ་ཕན་བཟང་བོ་ཐོབ་ཡོད།
ཉེ་བའི་ལོ་འགའི་ནང་དུ། ཁྲོ་ཆུ་རྫོང་ཆུ་གད་ཡུལ་ཚོས་ཐབས་ལམ་གང་མང་འཐེན་ནས་ས་ཞིང་འཁོར་རྒྱུག་གི་ལམ་གསར་ཞིག་གི་སྣེ་ཟིན་ཡོད་པས། སྔོ་ཚལ་འདེབས་འཛུགས་ཆེད་ལས་བ་ཡང་ནང་འགུག་བྱས་ནས་ལག་རྩལ་སློབ་ཁྲིད་དང་ཞིང་བ་རང་ཉིད་ལས་ཞུགས་ཐུབ་པ་སོགས་གཉིས་ཕན་མཉམ་ལས་ཀྱི་ལམ་དུ་བསྐྱོད་ཀྱིན་སྔར་ལས་བཟང་བའི་ཁེ་ཕན་ལ་ལོངས་སུ་སྤྱོད་ཀྱིན་ཡོད།