འཇར་པན་དང་ཧིན་དྷུ་ཕྱོགས་གཉིས་ཀྱི་མགོ་ཁྲིད་པས་གྲོས་མོལ་བྱས་ནས་དཔལ་འབྱོར་གནད་དོན་ལ་དོ་སྣང་བྱས།
ཡོང་ཁུངས།
སྤེལ་དུས།: ༢༠༡༤ ལོའི་ཟླ་ ༩ ཚེས་ ༣

གྲོས་མོལ་བྱས་རྗེས་ཨན་པའེ་ཅིན་སན་དང་མའོ་ཏིས་གཉིས་ཀྱིས་ཐུན་མོང་གསལ་སྒྲོག་ཅིག་བཀོད་ཡོད་དེ། དེའི་སྔོན་འཇར་པན་གསར་འགྱུར་ལས་རིགས་ཀྱིས་དབྱེ་ཞིབ་བྱས་པ་ལྟར་ན། ཐེངས་འདིར་རྒྱ་གར་གྱི་ཙུང་ལི་གསར་བ་འཚམས་འདྲིར་ཡོང་ན་ཨན་པའེ་ཅིན་སན་གྱིས་བདེ་འཇགས་སྲུང་སྐྱོབ་ཀྱི་གྲོས་གཞིར་བརྟེན་ནས་ཀྲུང་གོར་ཚོད་འཛིན་བྱེད་སྲིད་པར་བཤད་ཀྱང་། གསལ་སྒྲོག་གི་ནང་དོན་ལྟར་ན། དཔལ་འབྱོར་གནད་དོན་དེ་སྔར་བཞིན་ཕྱོགས་གཉིས་ཀྱི་གླེང་གཞི་གཙོ་བོར་གྱུར་ཡོད།