བོད་ལྗོངས་ཀྱི་ཞིང་པ་ཚོས་འོང་སྐོར་དུས་ཆེན་རོལ་བ།
ཡོང་ཁུངས། མི་དམངས་དྲ་བ།
སྤེལ་དུས།: ༢༠༡༨ ལོའི་ཟླ་ ༧ ཚེས་ ༡༧

ཉེ་ཆར། བོད་ལྗོངས་ཀྱི་ཞིང་ཁུལ་གཙོ་བོ་ཁག་དུ་ལོ་གཅིག་དུས་གཅིག་གི་འོང་སྐོར་རིམ་པས་གཏོང་བཞིན་ཡོད་པ་དང་། ཞིང་པ་མང་ཚོགས་ཀྱིས་ལུས་ལ་གཟབ་མཆོར་སྤྲས་ནས་ཞིང་ཁར་བསྐོར་བ་རྒྱབ་སྟེ་ཆར་ཆུ་དུས་སུ་འབབ་ནས་ལོ་ལེགས་ཡོང་བའི་སྨོན་ལམ་བཏབ་ཀྱི་ཡོད། འོང་སྐོར་གཏོང་སྲོལ་ལ་ལོ་ངོ་1500ལྷག་གི་ལོ་རྒྱུས་ལྡན་ཞིང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པ་རེད།


