གེ་སར་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་འཛུགས་པར་ཆོག་མཆན་ཐོབ།
ཡོང་ཁུངས།
སྤེལ་དུས།: ༢༠༡༤ ལོའི་ཟླ་ ༩ ཚེས་ ༡

མགོ་ལོག་ཁུལ་གྱི་གེ་སར་རིག་གནས་ཐོན་ཁུངས་དང་རིམ་པ་སོ་སོའི་སྲིད་གཞུང་། སྒྱུ་རྩལ་པ། མང་ཚོགས་བཅས་ཀྱིས་གེ་སར་རིག་གནས་སྲུང་སྐྱོང་རྒྱུད་འཛིན་བྱས་པར་ཁས་ལེན་གང་ལེགས་བྱས། ཐུན་མོང་གིས་འབད་བརྩོན་དང་ཧུར་བརྩོན་གྱིས་བརྩོན་ལེན་བྱས་པ་བརྒྱུད། རིག་གནས་པུའུ་ཡིས་ཆེད་མཁས་པ་རྩ་འཛུགས་བྱས་ཏེ་2013ལོའི་ཟླ་10བའི་ཚེས་18ཉིན་སྙན་ཞུ་ཕུལ་བའི་《གེ་སར་མགོ་ལོག་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་གྱི་རྩ་གནད།》ལ་གྲོས་ཞིབ་བྱས་པ་མ་ཟད། ཉེ་སྔོན་གེ་སར་རིག་གནས(མགོ་ལོག)སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་འཛུགས་པར་དངོས་སུ་ཆོག་མཆན་གནང་། །