རྔ་བ་རྫོང་གིས་བཙོག་སྒྱུར་མགོ་ཁུངས་ཞིབ་བཤེར་གྱི་ལས་དོན་སྤེལ།
ཡོང་ཁུངས།
སྤེལ་དུས།: ༢༠༡༨ ལོའི་ཟླ་ ༦ ཚེས་ ༢༩

རྫོང་ཨུས་ཁོར་སྲུང་དང་དབུལ་སྒྲོལ་ལ་འགན་འཁུར་བའི་རྫོང་དཔོན་གཞོན་པ་བཙོག་སྒྱུར་མགོ་ཁུངས་ཞིབ་བཤེར་ལས་དོན་གྱི་མགོ་ཁྲིད་ཚན་ཆུང་དུ་བསྐོས་ཤིང་། སོ་སོར་ཕྱོགས་བསྡུས་དང་། རྟོག་ཞིབ། ལག་རྩལ། དྲིལ་སྒྲོག་བཅས་ཀྱི་ལས་དོན་ཚོ་ཆུང་བཞི་རུ་བགོས་ཏེ་ཕྱོགས་ཡོངས་ནས་རྫོང་ཡོངས་ཀྱི་བཙོག་སྒྱུར་མགོ་ཁུངས་ཀྱི་ཞིབ་བཤེར་ལ་དོན་ལ་མཛུབ་སྟོན་བྱས། དེ་བཞིན་དུ་རྫོང་ཡོངས་ཀྱི་ཡུལ་གྲོང་སོ་སོའི་འབྲེལ་ཡོད་སྡེ་ཁག་གིས་ཁྱོན་ཞིབ་བཤེར་བ30དང་། མཛུབ་སྟོན་པ7། ཞིབ་བཤེར་བ46བཅས་མངགས་ཡོད་ལ། སྔོན་དཔག་ལྟར་ན་ཞིབ་བཤེར་ལས་དོན་གྱི་འགྲོ་གྲོན་ལ་སྒོར་ཁྲི90ཡིན་ལ། ལས་དོན་བདེ་ལེགས་ངང་འགྲུབ་པར་ཁག་ཐེག་ནན་པོ་བྱས་ཡོད།
སྡེ་ཁག་སོ་སོའི་ལས་འགན་དང་གསལ་བོ་ཡོང་ཕྱིར་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་དུས་ལྟར་བཙོག་སྒྱུར་མགོ་ཁུངས་ཞིབ་བཤེར་སྐུལ་སློང་ཚོགས་འདུ་དང་། མཚམས་སྦྱོར་ཚོགས་འདུ། གསོ་སྦྱོང་བཅས་བྱས་ཏེ་སྡེ་ཁག་སོ་སོ་དང་མི་སྒེར་སོ་སོའི་རང་འཁྲིའི་ལས་དགན་གསལ་བོར་བྱས། ད་ལྟའི་བར་དུ་སྐུལ་སློང་ཚོགས་འདུ་དང་གསོ་སྦྱོང་ཐེངས8དུ་སྤེལ་ཟིན་པ་དང་། ལག་རྩལ་ཆེད་མཁས་པ་གདན་དྲངས་ཏེ་ཡུལ་དངོས་ནས་འགྲེལ་བཤད་ཐེངས20བྱས་ཤིང་། ཞིབ་བཤེར་ལས་དོན་པ3གདན་དྲངས་ཏེ་ཕྱོགས་ཡོངས་ནས་ཞིབ་བཤེར་ལས་དོན་གོ་རིམ་ལྡན་དང་། ལས་དོན་དམིགས་ཡུལ་མངོན་དུ་འགྱུར་བར་ཁག་ཐེག་བྱས།
མགོ་ཁྲིད་ཚན་ཆུང་གི་ལས་དོན་སྤྱིའི་བཀོད་སྒྲིག་ལྟར། ཞིབ་བཤེར་ལས་དོན་ལ་སྐུལ་འདེད་དང་། ཞིབ་བཤེར་ལས་རྙེད་པའི་གནད་དོན་རྣམས་འབྲེལ་ཡོད་ལས་ཁུངས་སུ་བསྐུར་ཏེ་དུས་བཀག་ལྟར་བཅོས་སྒྲིག་བྱ་དགོས་པའི་བཀའ་འབེབ་པ་མ་ཟད། ཕྱིར་འཁོར་ནས་ཞིབ་བཤེར་བྱས་ཏེ་དུས་བཀག་བཅོས་མེད་ཚེ་འབྲེལ་ཡོད་ཀྱི་ཆད་པ་གཅོད་རྒྱུ། དེ་མིན་ཞིབ་བཤེར་མཁན་གྱིས་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་ཕྱི་རོལ་དུ་དྲིལ་སྒྲོག་དང་། དྲིལ་སྒྲིག་ཡིག་ཆ་སྤྲོད་པ་སོགས་ཀྱི་སྒོ་ནས་བཙོག་སྒྱུར་མགོ་ཁུངས་ཞིབ་བཤེར་ལས་དོན་གྱི་དྲིལ་སྒྲོག་ཚད་མཐོ་རུ་བཏང་། ད་ལྟའི་བར་དུ65འཛམ་གླིང་ཁོར་སྲུང་ཉིན་མོ་དང་། རྔ་བ་རྫོང་གི་དྲ་བ། རྔ་བའི་སྐད་འཕྲིན་སྤྱི་སྟེགས། བརྙན་འཕྲིན་ཁང་སོགས་བརྒྱུད་ནས་དྲིལ་སྒྲོག་ཐེངས10བྱས་ཏེ། ལས་བྱེད་པ་དང་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་སྔར་བས་མཐོ་རུ་བཏང་སྟེ། མང་ཚོགས་རྣམས་ལ་ཁོར་སྲུང་གི་སྣེ་ཁྲིད་དང་། ལག་ཏུ་ལེན་པའི་སྐུལ་འདེད་བཏང་ངོ་།།