སྲོལ་རྒྱུན་གྱི་ལྷ་མོ་《སྣང་ས་འོད་འབུམ་》སྒྲིག་བཟོ་བྱས་ནས་པེ་ཅིང་དུ་འཁྲབ་སྟོན་བྱས་པ།
ཡོང་ཁུངས། མི་དམངས་དྲ་བ།
སྤེལ་དུས།: ༢༠༡༨ ལོའི་ཟླ་ ༦ ཚེས་ ༢༩

2018ལོའི་རྒྱལ་ཡོངས་ཀྱི་གཞི་རིམ་ཚོགས་པའི་ཟློས་གར་ལྷན་འཛོམས་འཁྲབ་སྟོན་ནང་ཞུགས་པའི་ཟློས་གར་རྣམ་གྲངས་ཏེ། བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པས་སྒྲིག་བཟོ་བྱས་པའི་སྲོལ་རྒྱུན་ལྷ་མོའི་འཁྲབ་གཞུང་《སྣང་ས་འོད་འབུམ་》པེ་ཅིང་ཀྲུང་གོ་ཕིང་ཅུད་ཟློས་གར་ཁང་དུ་འཁྲབ་སྟོན་བྱས་ཡོད།



