དམངས་ཡོངས་ཀྱི་ལུས་སྦྱོང་སྐབས་དང་པོའི་མི་ཁྲིས་གྲོང་ཁྱེར་དུ་རྒྱུག་ཤར་གློད་པའི་བྱེད་སྒོ་ལྷ་སར་སྤེལ་བ།
ཡོང་ཁུངས། མི་དམངས་དྲ་བ།
སྤེལ་དུས།: ༢༠༡༨ ལོའི་ཟླ་ ༦ ཚེས་ ༢༨

བྱེད་སྒོ་དེ་ནི་རང་སྐྱོང་ལྗོངས་དུག་འགོག་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ་དང་། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དང་རང་སྐྱོང་ལྗོངས་ལུས་རྩལ་ཅུས། རང་སྐྱོང་ལྗོངས་དུག་འགོག་གཞུང་ལས་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་སྒྲུབ་འགན་འཁུར་ཡོད། དེའི་དམིགས་ཡུལ་ནི་དམངས་ཡོངས་ཀྱི་ལུས་སྦྱོང་དར་སྤེལ་བཏང་སྟེ་། དམངས་ཡོངས་ཀྱིས་དུག་རྫས་གཏན་འགོག་ནང་ཞུགས་པ་དང་། དུག་རྫས་དང་རིང་དུ་གྱེས་པའི་ཁོར་ཡུག་ལེགས་པོ་བསྐྲུན་རྒྱུ་དེ་ཡིན།
ད་ཐེངས་ཀྱི་རྒྱུག་ཤར་གློད་པའི་བྱེད་སྒོའི་བརྒྱུད་རིམ་ཧྲིལ་པོར་སྤྱི་ལེ་5ཡོད་པ་དང་། འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད་མཐར་ཚེ་རིང་བཟང་དཀར་དང་བསོད་ནམས་གཡུ་སྒྲོན་སོ་སོས་སྐྱེས་པ་དང་བུད་མེད་ཀྱི་ཨང་དང་པོ་བླངས་ཡོད།