ཡུས་ཀྲེན་ཧྲེང་གིས་ཕ་ཀི་སི་ཐན་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཡོང་ཁུངས།
སྤེལ་དུས།: ༢༠༡༤ ལོའི་ཟླ་ ༨ ཚེས་ ༢༩
       སྤྱི་ཟླ་8པའི་ཚེས་27ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེན་ཧྲེང་གིས་པེ་ཅིང་ནས་ཕ་ཀི་སི་ཐན་མི་དམངས་ཏང་གི་མཉམ་འབྲེལ་ཀྲུའུ་ཞི། སྔོན་ཆད་ཀྱི་སྲིད་འཛིན་ཀྲ་ཨེར་ཏ་ལིས་ཁྲིད་པའི་ཕ་ཀི་སི་ཐན་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་། 
       ཡུས་ཀྲེན་ཧྲེང་གིས་གསུངས་རྒྱུར། ཀྲུང་གོ་དང་ཕ་ཀི་སི་ཐན་གཉིས་ནི་འཐབ་ཇུས་མཉམ་ལས་ཀྱི་གྲོགས་པོ་བཟང་བོ་ཡིན། ཀྲུང་གོའི་ཕྱོགས་ཀྱིས་ཕ་ཀི་སི་ཐན་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཕ་ཀི་སི་ཐན་བར་གྱི་སྲོལ་རྒྱུན་མཛའ་བརྩེ་ལ་སྲུང་སྐྱོབ་བཟང་བོ་བྱེད་པ་དང་། དེ་འཕེལ་རྒྱས་སུ་བཏང་སྟེ། ཀྲུང་གོ་དང་ཕ་ཀི་སི་ཐན་བར་གྱི་མཛའ་མཐུན་འབྲེལ་བ་དེ་དངོས་གཉེར་མཉམ་ལས་གྱི་གྲུབ་འབྲས་སུ་བསྒྱུར་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་བསྟན། །