བཙན་ལྷས་བོད་ཁུལ་སྡེ་གསར་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་བཏང་།
ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༨ ལོའི་ཟླ་ ༦ ཚེས་ ༢༥

ཆེ་ལུང་ཡུལ་ཚོའི་རི་ལོ་གྲོང་ཚོ་རུ་གསར་འགོད་པས་ཡུལ་དེའི་གྲོང་མི་ཚོས་སྡོད་ཁང་འཛུགས་སྐྲུན་བྱེད་པའི་ཡུལ་དངོས་སུ་མཐོང་བར། གྲོང་བ་ཚང་མས་གྲོང་མི་ལི་ཀོང་ཅི་ཚང་ལ་སྡོད་ཁང་འཛུགས་སྐྲུན་བྱེད་རོགས་བྱེད་ཀྱི་ཡོད་ལ། ལི་ཀོང་ཅི་ཡིས་གསར་འགོད་པར་སྔོན་ཆད་ཀྱི་སྡོད་ཁང་ཆུང་བ་དང་སྡོད་གནས་ཀྱི་ཁོར་ཡུག་ཞན་མོད། ད་སྐབས་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བས་ང་ཚོས་སྡོད་ཁང་གསར་བ་སྐྲུན་ཐུབ་པ་དང་སྡོད་ཁང་གསར་བའི་ནང་སྡོད་ཐུབ་སོང་། ང་ཚོ་ཏང་གི་གོམ་སྟབས་ཀྱི་རྗེས་སུ་སྙེགས་ཏེ་དབུལ་ཕོངས་ལས་ཐར་ཏེ་འབྱོར་འབྲིང་སྤྱི་ཚོགས་ཀྱི་ཕྱོགས་སུ་བསྐྱོད་དགོས་ཞེས་བཤད།
ད་སྐབས་བཙན་ལྷ་རྫོང་དུ་ལི་ཀོང་ཅི་དང་འདྲ་བའི་གྲོང་བ་མང་པོ་ཡོད་པ་དང་། ཏང་གི་དམངས་ཕན་སྲིད་ཇུས་བརྒྱུད་དེ་རང་གི་འཚོ་བའི་ཆ་རྐྱེན་སྔར་བས་ཇེ་ལེགས་སུ་བཏང་སྟེ་འཚོ་བ་སྐྱིད་ལ་རོལ་བཞིན་པ་མང།
རྒྱུས་ལོན་པ་ལྟར་ན། དབུལ་ཕོངས་ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་སྔར་བས་ཇེ་ལེགས་སུ་གཏོང་ཆེད། ད་ལོར་བཙན་ལྷ་རྫོང་གིས་རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ21ལ་བོད་ཁུལ་སྡེ་གསར་གྱི་འཛུགས་སྐྲུན་ལག་བསྟར་བྱས་པ་དང་། རོང་འབྲོག་དུད་ཁྱིམ1009བོད་ཁུལ་སྡེ་གསར་འཛུགས་སྐྲུན་གྱི་ལས་གྲྭ་བརྒྱུད་དེ་བདེ་འཇགས་ཀྱི་སྡོད་ཁང་ནང་སྡོད་ཐུབ་པར་གྱུར་ཏོ།།