ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༨ ལོའི་ཟླ་ ༦ ཚེས་ ༡༢
སིང་ཀ་ཕོར་གྱི་དུས་ཚོད་དེ་ཟླ་6པའི་ཚེས་12ཉིན་གྱི་ཆུ་ཚོད་དགུ་པ་དང་སྐར་མ་ལྔའི་ཐོག བྱང་ཁོ་རེ་ཡའི་ཆེས་མཐོའི་འགོ་ཁྲིད་ཅིན་ཀྲང་ཨེན་དང་ཨ་རིའི་སྲིད་འཛིན་ཐེ་རོན་ཕུའུ་རྣམ་གཉིས་སིང་ཀ་ཕོར་དུ་མཇལ་འཛོམས་བྱུང་བ་དང་། འདི་ནི་བྱང་ཁོ་རེ་ཡའི་དམག་འཁྲུག་རྗེས་ཀྱི་ཨ་རི་དང་བྱང་ཁོ་རེ་ཡའི་འགོ་ཁྲིད་གཉིས་ཐེངས་དང་པོར་ཞལ་འཕྲད་དེ་གྲོལ་མོལ་གནང་བ་རེད།།