ཡོང་ཁུངས། མི་དམངས་དྲ་བ།
སྤེལ་དུས།: ༢༠༡༨ ལོའི་ཟླ་ ༦ ཚེས་ ༧
ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་དེ་འཕེལ་རྒྱས་ཁྲོད་ཀྱི་མཐའ་ཚད་དང་། སྲོག་ཐིག མཐོ་གནོན་ཐིག ཉེན་ཟོན་ཐིག་ཏུ་འཛིན་པ་བཅས་མཐའ་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དང་། གཏན་འཇགས་གཞི་རྩའི་ས་ཞིང་། གྲོང་ཁྱེར་དང་གྲོང་རྡལ་གསར་སྤེལ་གྱི་ས་མཚམས་ཚོད་འཛིན་ཐིག་བཅས་དོན་ཚན་གསུམ་དབྱེ་འབྱེད་གཏན་འབེབས་བྱས་པ་དང་། ཆུ་ཁུངས་གསོ་འཁྱོངས་ལས་གྲྭ་ལག་བསྟར་ཤུགས་ཆེན་དང་ཆུ་འགོའི་ཁུལ་གྱི་རྩྭ་ས་དང་། འདམ་ར། རང་བྱུང་ནགས་ཚལ་དེ་བཞིན་སྐྱེ་དངོས་སྣ་མང་རང་བཞིན་བཅས་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་རེད།