ཁྲིམས་སྐྱོང་རྔ་ཁུལ་དུ་སྐྱོད་པའི་ཆེད་དོན་བཅར་འདྲིའི་བྱེད་སྒོ།
ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༨ ལོའི་ཟླ་ ༥ ཚེས་ ༢༩

གསར་འགོད་ཚོ་ཆུང་གིས་ཧུང་ཡོན་རྫོང་ཧུ་ར་སྨད་མ་སྡེ་བ་རུ་བཅའ་ཁྲིམས་སྡེ་ཁུལ་ཏུ་སྐྱོད་པ་དང་ཧུང་ཡོན་རྫོང་སྐྱ་མགོ་དགོན་པ་རུ་བཅའ་ཁྲིམས་དགོན་སྡེར་སྐྱོད་པ་ཞེས་པའི་ལས་དོན་ཐད་ལ་ཡུལ་དངོས་སུ་ལྟ་ཞིབ་དང་། དཔྱད་གཞིར་ཀློག་བཤེར། སྙན་ཞུར་ཉན་པ། གནས་ཚུལ་འདྲི་རྩད་བཅས་ཀྱི་ལམ་ནས་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་མ་ཟད། ལས་དོན་བྱེད་སྒོའི་ཁྲོད་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་མཐོན་པོ་བྱས་ཡོད།
དེ་མིན་གསར་འགོད་ཚོ་ཆུང་གིས་གཤམ་གྱི་རེ་འདུན་བཏོན་པ་སྟེ། རྗེས་ཕྱོགས་ཀྱི་ལས་དོན་ཁྲོད་གསར་དུ་བསྣན་པའི་ལས་དོན་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་རྒྱུ་དང་། གོམ་གང་མདུན་སྤོས་ཀྱིས་ཁྲིམས་ལུགས་ཁྱབ་གདལ་སློབ་གསོའི་ནུས་ཤུགས་ཆེ་རུ་གཏང་ནས། ཁྲིམས་སྦྱོང་། ཁྲིམས་བརྩི། ཁྲིམས་སྲུང་གི་བཅའ་ཁྲིམས་རྣམ་པ་བཟང་བོ་ཞིག་ཆགས་པར་བྱ་རྒྱུ། ཧུར་ཐག་གིས་དོ་དམ་ཚད་ལྡན་ཅན་དང་སྔོན་ཐོན་ཅན། བདེ་འཇགས་བརྟན་བརླིང་གི་འཆམ་མཐུན་སྤྱི་ཚོགས་སྐྲུན་པར་འབད་རྒྱུ་བཅས་སོ།།