གཟི་རྩ་སྡེ་དགུ་རྫོང་གིས་ཆེན་མོ་གསུམ་གྱི་བྱེད་སྒོ་ལག་བསྟར་བྱས།

ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༨ ལོའི་ཟླ་ ༥ ཚེས་ ༢༤

        ཉེ་ཆར། གཟི་རྩ་སྡེ་དགུ་རྫོང་གིས་ཆེད་དོན་སློབ་སྦྱོང་འཛིན་གྲྭ་བསྡུས་ནས་སློབ་སྦྱོང་དང་གྲོས་བསྡུར། བརྟག་ཞིབ་ཆེན་མོའི་བྱེད་སྒོ་ལག་བསྟར་བྱས།

        སློབ་སྦྱོང་བྱེད་སྐབས་རྫོང་ཡོངས་ཀྱི་ལས་བྱེད་མང་ཚོགས་ཉིས་བརྒྱ་ལྷག་གིས་ཞི་ཅེན་ཕིང་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅེན་ཕིང་གིས་སི་ཁྲོན་གྱི་ལས་དོན་དང་གཟི་རྩ་སྡེ་དགུའི་གནོད་རྗེས་བསྐྱར་སྐྲུན་ལ་གནང་བའི་མཛུབ་སྟོན་གལ་ཆེན་ལ་སློབ་སྦྱོང་བྱས།
        ཐེངས་འདིའི་སློབ་སྦྱོང་དང་གྲོས་བསྡུར། བརྟག་ཞིབ་ཆེན་མོའི་བྱེད་སྒོ་སྤེལ་བ་བརྒྱུད། གཟི་རྩ་སྡེ་དགུ་རྫོང་གི་ལས་བྱེད་མང་ཚོགས་ཀྱིས་བསམ་བློ་བཅིང་བཀྲོལ་གཏོང་བ་དང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་སྐུལ་སློང་གི་ནུས་པ་གལ་ཆེན་ཐོན་ཡོད་པ་རེད།