པཱ་ཡུས་ཐེ་ལན་དིའི་གནས་སྐབས་ཙུང་ལིར་བདམས།
ཡོང་ཁུངས།
སྤེལ་དུས།: ༢༠༡༤ ལོའི་ཟླ་ ༨ ཚེས་ ༢༣

པཱ་ཡུས་ནི་ཉིན་དེའི་འདེམ་བསྐོའི་འདེམ་སྒུག་མི་སྣ་གཅིག་པུ་ཡིན་པ་དང་། ཉིན་དེར་གྲོས་ཚོགས་ལ་ཞུགས་པའི་གྲོས་མི་བརྒྱ་དང་གོ་བཞིའི་ནང་། གྲོས་ཁང་གི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ་གཉིས་ཀྱིས་འདེམ་ཤོག་འཕེན་པའི་དབང་ཆ་སྐྱུར་བ་ལས་གཞན། ཁོངས་མི་ཚང་མ་པཱ་ཡུས་ཀྱིས་ཙུང་ལིའི་འགན་ཁུར་བར་གཅིག་གྱུར་འཐད་པ་བྱུང་། བསྐོ་འཇོག་དེར་རྒྱལ་བོ་ཨ་ཏུའུ་ཏི་ཡིས་ཆོག་མཆན་འགོད་དགོས་པ་རེད། འཇར་པན་ཏུང་ཅིན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཁྲ་ཁྲ་ཝ་ཨར་ཕིན་པིན་གྱིས་བལྟས་ན། དམག་དོན་སྲིད་གཞུང་གིས་དབང་ཤུགས་དེ་དམངས་ཀྱིས་བདམས་པའི་སྲིད་གཞུང་ལ་མ་སྤྲད་གོང་ཐཱ་ཞིན་གྱི་ཤུགས་རྐྱེན་ཡོད་ཚད་མེད་པར་གཏོང་རྩིས་རེད་ཟེར།