《དཀར་མཛེས་ཉིན་རེའི་ཚགས་པར》བསྒྲུབས་ནས་ལོ་60འཁོར་བར་དྲན་གསོའི་བཞུགས་མོལ་གྲོས་ཚོགས་འཚོགས།
ཡོང་ཁུངས།
སྤེལ་དུས།: ༢༠༡༤ ལོའི་ཟླ་ ༨ ཚེས་ ༢༣

བཞུགས་མོལ་ཚོགས་འདུའི་ཐོག་ཁ་བྱང་ལ་ཉི་འོད་ཀྱི་འགྲོ་ལམ་ཐོག་ཏུ་སྐྱོད་པ་ཞེས་པའི་ཆེད་དོན་གློག་བརྙན་ལ་བལྟས་པར་བརྒྱུད་དཀར་མཛེས་ཉིན་རེའི་ཚགས་པར་ཁང་བཙུགས་ནས་ད་བར་གྱི་ལོ་རྒྱུས་ལ་ཕྱིར་འདང་བརྒྱབ་པ་དང་འབྱུང་འགྱུར་གྱི་ལས་ཀར་འཆར་འགོད་ཇི་ལྟར་བྱས་པ་ཀུན་ལ་ཤེས་རྟོགས་བྱེད་དུ་འཇུག་པ་དང་། ལས་ཁུངས་དང་ཚགས་པར་ཁང་སོགས་ཀྱི་འཐུས་མི་ཚོས་རང་ཉིད་འཚར་ལོངས་བྱུང་བའི་ལོ་རྒྱུས་དང་འབྲེལ་ནས་རྟེན་འབྲེལ་ཞུ་ཚིག་ཕུལ་བ་དང་ཆབས་ཅིག་ཚགས་པར་གྱི་སྤུས་ཚད་མཐོར་འདེགས་ཇི་ལྟར་གཏོང་དགོས་པའི་སྐོར་བཞུགས་མོལ་བྱས་པ་རེད།