ཨོ་སི་ཐྲ་ལི་ཡའི་ལུས་རྩལ་པས་གཞོན་ནུའི་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོག་མ་བླངས།
ཡོང་ཁུངས།
སྤེལ་དུས།: ༢༠༡༤ ལོའི་ཟླ་ ༨ ཚེས་ ༢༠

རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་ཨུ་ལྷན་ཁང་གི་ཀྲུའུ་ཞི་པ་ཧེ་སོགས་ནས་འགྲན་བསྡུར་གཟིགས་གནང་བ་མ་ཟད། ལུས་རྩལ་པར་དགའ་བསུ་ཞུས་ནས་སེམས་ཤུགས་འཕེལ་བར་བྱས་ཡོད། འགྲན་བསྡུར་བྱེད་པའི་ནང་། ཧྥི་ལི་ཕིན་གྱི་ལུས་རྩལ་པ་ཞིག་རྗེས་སུ་ལུས་པ་དང་རྒྱང་ཐག་སྔར་བས་རིང་དུ་ཆོད་ཡོད། འོན་ཀྱང་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་གི་དཔོན་རིགས་ཚུད་པའི་ལྟད་མོ་བ་ཚོས་ཁོང་མོར་འགྲན་བསྡུར་མཇུག་མ་འགྲིལ་བར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཡོད