གློག་བརྙན《ལྷ་མོ་དང་སྐལ་བྷེ》མཚོ་སྔོན་འབའ་རྫོང་ནས་ཕབ་མགོ་བརྩམས།
ཡོང་ཁུངས། མཚོ་སྔོན་པོ་དྲ་བ།
སྤེལ་དུས།: ༢༠༡༨ ལོའི་ཟླ་ ༤ ཚེས་ ༡༠

གློག་བརྙན་འདི་ནི་བོད་རིགས་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱིས་འཁྲབ་ཁྲིད་ཀྱི་འགན་ཁུར་བ་དང་། ཧྥེང་ཅཱ་མེས་སྤྱི་ཁྱབ་སྒྲིག་བཟོ་བའི་འགན་ཁུར་ལ། བོད་རིགས་འཁྲབ་སྟོན་པ་བསོད་ནམས་ཉི་མ་དང་བདེ་སྐྱིད་གཉིས་འཁྲབ་སྟོན་བྱས། བརྙན་འདི་ཧྲིལ་བོར་མཚོ་སྔོན་འབའ་རྫོང་ནས་ཕབ་པ་དང་། སྔོན་དཔག་བྱས་པ་ལྟར་ན་དུས་ཡུན་ཟླ་གཅིག་གི་རིང་ཕབ་ཚར་ངེས།
བོད་སྐད་གློག་བརྙན《ལྷ་མོ་དང་སྐལ་བྷེ》ཞེས་པས་གཙོ་ཆེར་ལྷ་མོའི་ཀྱག་ཀྱོག་གི་བརྩེ་དུང་གཏམ་རྒྱུད་བརྗོད་ཅིང་། མི་སྣ་ཆུང་ཆུང་འགའི་བརྩེ་དུང་གཏམ་རྒྱུད་ལས་དེང་རབས་བོད་མིའི་འཚོ་བའི་གནས་སྟངས་དང་བརྩེ་སེམས་བརྗོད་ཡོད།