ཆུ་ཆེན་ལ་ཆེས་མཛེས་ཤོས་ཀྱི་མེ་ཏོག་གཟིགས་རོལ་ཁུལ་གྱི་མཚན་སྙན་ཐོབ།

ཡོང་ཁུངས། བསོད་ནམས་སྐྱིད།
སྤེལ་དུས།: ༢༠༡༨ ལོའི་ཟླ་ ༤ ཚེས་ ༡༠

     ཉེ་ཆར། ཞིང་ཆེན་སྐྱེ་ཁམས་ལྗོངས་སྐོར་མཐུན་ཚོགས་ཀྱིས་སི་ཁྲོན་སྐྱེ་ཁམས་ལྗོངས་སྐོར་མཐུན་ཚོགས་ཀྱི་〔2018〕ཨང་རྟགས་6པའི་གཞུང་ཡིག་འགྲེམ་སྤེལ་བརྡ་ཁྱབ་བཏང་བ་དང་། ཆུ་ཆེན་ལ་ཆང་བ་ལིའི་ཞིང་ཁམས་སོགས་ཞིང་ཆེན་ནང་ཁུལ་གྱི་ལས་ཁུངས་བཅུའི་2017ལོའི་སི་ཁྲོན་གྱི་སྐབས་གཉིས་པའི་ཆེས་མཛེས་ཤོས་ཀྱི་མེ་ཏོག་གཟིགས་རོལ་ཁུལ་གྱི་མཚན་སྙན་ཐོབ་པ་རེད།

      ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོའི་སི་ཁྲོན་གྱི་སྐབས་གཉིས་པའི་ཆེས་མཛེས་ཤོས་ཀྱི་མེ་ཏོག་གཟིགས་རོལ་ཁུལ་གྱི་དཔྱད་འདེམས་བྱེད་སྒོ་སྤེལ་བ་ནས་བཟུང་། ཆེད་མཁས་དཔྱད་ཞིབ་ཚོ་ཆུང་གིས་རེ་ཞུ་སྤྲད་པའི་ལས་ཁུངས་ཀྱི་མེ་ཏོག་སྐྱེ་ཁམས་ལྗོངས་སྐོར་ཐོན་ཁུངས་དང་། ཐོན་ལས་འཕེལ་རྒྱས་གནས་ཚུལ། ཞིང་ལས་ལ་རོགས་སྐྱོར་འབབ་འཕར་སོགས་ཕྱོགས་བསྡུས་ཀྱི་དམིགས་ཚད་ལྟར་ཆེད་མཁས་ཀྱིས་དཔྱད་ཞིབ་དང་དྲ་ཐོག་དཔྱད་འདེམས་བྱེད་ཐབས་སྤྱད་དེ་མཇུག་མཐའི་ཐོབ་སྐར་གཏན་ཁེལ་བྱས། ཆང་བ་ལིའི་ཞིང་ཁམས་ཆུ་ཆེན་གྱིས་གཞི་ཁྱོན་ཧ་ཅང་ཆེ་བའི་འདེབས་འཛུགས་དང་། ཐུན་མིན་མཛེས་ལྗོངས། སྐྱེ་ཁམས་སྲུང་སྐྱོང་ལེགས་པོ་དང་སྐྱེ་ཁམས་རིག་གནས་ཟབ་མོ་སོགས་ཀྱི་དགེ་མཚན་ལ་བརྟེན་ནས་གཟི་བརྗིད་མཚན་སྙན་ཐོབ་པ་རེད།
     ཆུ་ཆེན་གྱི་ཆང་བ་ལིའི་སིལ་སྡོང་རྐང་ཁྲི་100ལྷག་འདེབས་འཛུགས་བྱས་ཡོད་པ་དང་། རྒྱལ་ནང་གི་ཆེས་ཆེ་བའི་ས་མཐོའི་ཆང་བ་ལིའི་སིལ་སྡོང་ཁྱབ་ཁུལ་དང་། སྐྱེ་ཁམས་ལྗོངས་སྐོར་འཕེལ་རྒྱས་ཀྱི་ཁྱད་ལྡན་ཐོན་ཁུངས་ཡིན་ནོ།།