བརྩེ་སེམས་ཀྱི་ལག་ཟུང་སྦྲེལ་ནས་གནད་འཁེལ་དབུལ་སྐྱོར་སྤེལ།
ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༨ ལོའི་ཟླ་ ༤ ཚེས་ ༩

རྫོང་མཁར་གྲོང་ནང་ཁུལ་གྱི་སློབ་གྲྭ་སོ་སོ་རུ་སློབ་ཞུགས་གནང་བའི་སློབ་མ་ཚང་མ་འབྲོག་ཕྲུག་ཤ་སྟག་ཡིན་པར་མ་ཟད། སློབ་མ་མང་ཆེ་བ་ཞིག་གི་ཁྱིམ་ཚང་ནི་དཔལ་འབྱོར་གྱི་ཡོང་སྒོ་ཞན་པའི་ཡིག་ཚགས་ཐོ་འགོད་ཁྲོད་ཀྱི་ཁྱིམ་ཚང་རེ་ཡིན་ལ། ཁྱིམ་ཚང་གི་དཔལ་འབྱོར་དཀའ་ཁག་ཤིན་ཏུ་ཆེ་བས། སློབ་འགོ་བཟུང་བ་ནས་སློབ་སྐབས་ཧྲིལ་བོར་ཕ་མ་དང་ངོ་ཐུག་པའི་སྐལ་བ་ཉུང་དུ་མཆིས། སློབ་ཕྲུག་ཚང་མའི་རང་ནུས་ཀྱི་ཤེས་འཇོན་དང་དགེ་རྒན་གྱི་སློབ་སྟོན་ལ་བསྟེན་ནས་ཉིན་བཞིན་སློབ་སྦྱོང་གི་ལུས་ལ་བྲེལ་ནས་ཡོད་ལ། མེན་ཡང་རེབ་གསུམ་པའི་བོད་སྐྱོར་ལས་སྒྲུབ་ཚོ་ཆུང་གིས་སློབ་མ་ཚོའི་གནས་ཚུལ་ལ་རྒྱུས་ལོན་བྱས་པར་གཞིགས་ནས། ཧུང་ཡོན་རྫོང་རེ་སྨོན་སློབ་ཆུང་དུ་སོང་སྟེ། སློབ་མ་རྣམ་དང་མཉམ་དུ་གཟའ་མཇུག་ལ་རོལ་བའི་ཁར།སློབ་མ་ཚོར་ཁྱིམ་མི་ལྟ་བུའི་དྲོ་སྐྱིད་དང་གཉེན་ཉེ་ལྟ་བུའི་ཐུགས་ཁུར་མྱོང་དུ་བཅུག
ཉིན་དེར་ཁ་བ་བུ་ཡུག་གི་འདབ་མ་ལྷུག་པོར་འཕྱོ་ཞིང་གྲང་ངར་ཤིན་ཏུ་ཆེ་ནའང་། རེ་སྨོན་སློབ་ཆུང་གི་ར་སྐོར་ཡོངས་དགའ་འཛོམས་དང་སྤྲོ་སྐྱིད་ཀྱིས་ཁེངས་ནས་ཡོད། མེན་ཡང་བོད་སྐྱོར་ལས་སྒྲུབ་ཚོ་ཆུང་གིས་ཐོག་མར་ཡིག་ཚང་ཐོ་འགོད་ཁྱིམ་ཚང་ཁྲོད་ཀྱི་སློབ་ཕྲུག་88ལ་སློབ་སྐྱོར་མ་དངུལ་དམངས་སྒོར་8800ཡི་རོགས་དངུལ་བྱིན་པ་དང་། རེ་བར་སློབ་ཕྲུག་ཚོས་བློ་གཅིག་སེམས་གཅིག་གིས་སློབ་སྦྱོང་ལ་་ཧུར་བརྩོན་་བྱས་ནས། མ་འོངས་པར་ཕ་ཡུལ་དང་མི་དམངས་ལ་ཕན་ཐོགས་པའི་སློབ་མ་རྐང་རྩ་ཅན་ཞིག་འཁྱོངས་བར་སྐུལ་མ་བྱས།