སེར་ཤུལ་རྫོང་གིས་གཞོན་ནུ་ཕོ་བྲང་འཛུགས་སྐྲུན་ལས་དོན་གྱི་གྲོས་ཚོགས་འཚོགས།
ཡོང་ཁུངས། སེར་ཤུལ་ཟླ་བ་སྒྲོལ་མ།
སྤེལ་དུས།: ༢༠༡༨ ལོའི་ཟླ་ ༤ ཚེས་ ༤

ཚོགས་འདུ་རུ་བཙུགས་ཟིན་པའི་ཞིང་གྲོང་གཞོན་ནུ་ཕོ་བྲང་སློབ་གྲྭ་བཞི་དང་འཛུགས་བཞིན་པའི་ཞིང་གྲོང་གཞོན་ནུ་ཕོ་བྲང་སློབ་གྲྭ་བཞི་བཅས་ཁྱོན་སློབ་གྲྭ་བརྒྱད་ཀྱི་སློབ་གཙོ་དང་དགེ་རྒན་ཚོགས་འདུར་ཞུགས། རྫོང་དྲིལ་བསྒྲགས་པུའི་དབུ་ཁྲིད་ཐུབ་བསྟན་གྱིས་ཞིང་གྲོང་གཞོན་ནུ་ཕོ་བྲང་གི་བྱ་འགུལ་དང་སློབ་ཁྲིད་གལ་ཆེ་བའི་སྐོར་གང་མང་གསུང་བས་མ་ཚད། ཁོང་གིས་ན་ཆུང་གཞོན་ནུ་ནི་རྒྱལ་ཁབ་ཀྱི་རྗེས་འཛིན་པ་དང་མི་རིགས་ཀྱི་མ་འོངས་པ་ཡིན་པས། སློབ་གྲྭའི་འགན་ཁུར་པ་དང་དགེ་རྒན་ཚོས་འོ་བརྒྱལ་ལ་མ་འཛེམ་ནས་བྱིས་པ་ཚོའི་བསམ་པའི་དཔལ་ཡོན་དང་ཀུན་སྤྱོད་ལ་མཛུབ་ཁྲིད་བྱ་རྒྱུའི་འོས་འགན་ཕྲག་ཏུ་བླངས་ནས་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན། ཚོགས་འདུ་གྲོལ་རྗེས་རྫོང་གྲོང་ཁུལ་སློབ་ཆུང་གི་གཞོན་ནུ་ཕོ་བྲང་དུ་ལྟ་སྐོར་མཛད་པ་རེད།།